ཉེ་ཆར།མལ་གྲོ་གུང་དཀར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གད་པར་གཅེས་སེམས་ཟབ་མོ་བཅངས་ནས་དགུན་དུས་དྲོ་སྐྱིད་ལྡན་པར་བྱེད་ཅེས་པའི་གྱོན་ཆས་སྤྲོད་པའི་མཛད་སྒོ་འཚོགས་ནས་རྫོང་ཡོངས་ཀྱི་གད་པ་344ལ་དྲོ་སྐྱིད་དང་ཐུགས་ཁུར་གང་ལེགས་མཚོན་པར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེས་རྒྱ་ཆེའི་གད་པ་ཚོར་དྲོ་སྐྱིད་ཟབ་མོ་སྦྱིན་པར་མ་ཟད། ཁོང་ཚོའི་གནས་གཅེས་ལས་བཀུར་གྱི་སྤྲོ་སེམས་ཀྱང་སྔར་བས་འཕེལ་ཐུབ་པ་བྱུང་ཡོད་པ་རེད།
པར་འདི་ནི་གྱོན་ཆས་བླངས་རྗེས་གད་པའི་བཞིན་རས་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་པའི་རྣམ་པ་ཡིན།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社