(པར་ངོས་དང་པོར་མཐུད)ལས་དོན་ཁག་བསྒྲུབས་ཚུལ་བཅས་གསལ་པོར་མངོན་ཡོད།དེ་དང་ཆབས་ཅིག་ཡབ་མདའ་ཁྲོམ་གཞུང་དུ་ད་དུང་གཅིག་འཐུས་རྣམ་པའི་སྣ་མང་འདུམ་འགྲིག་ལྟེ་གནས་ཀྱང་བཙུཊ་ཡོད་པ་རེད།གསར་གཏོད་བྱེད་ཐབས་དེས་མི་དམངས་ཁྲིམས་ར་དང་།འགྲོ་ལམ་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་འདུམ་འགྲིག་ཁང་།གཉེན་སྒྲིག་ཁྱིམ་ཚང་གི་འདུམ་འགྲིག་ཁང་སོཊ་འགན་ནུས་སྡེ་ཚན་མང་པོ་ཐབས་མཁས་པོས་ས་ཁོངས་གཅིག་ཏུ་བསྡུས་ནས་མཉམ་སྒུལ་མཉམ་ཤུཊ་དང་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེཊ་བྱས་པ་དང་།མང་ཚོཊ་ཀྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་ཐུབ་པར་བྱས་པ།མང་ཚོཊ་ཀྱིས་བྱ་བ་ཡག་པོ་སྒྲུབ་ཐུབ་པ་དང་མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབས་ཡོད་པ་རེད།
ཡབ་མདའ་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་མི་དམངས་འཐུས་ཚོཊ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཞེ་ཡོན་ཅིན་གྱིས་ཡབ་མདའ་ཁྲོམ་གཞུང་གི་སྣ་མང་དབྱེ་ཕྲལ་ལྟེ་གནས་ཀྱིས་རིཊ་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རྒྱུན་སྡོད་དང་།རེས་མོས་བཅའ་སྡོད།འབོད་མ་ཐག་བཅའ་སྡོད་སོཊ་ཀྱི་བྱེད་སྟངས་སྤྱད་དེ་བཅའ་སྡོད་གསུམ་གྱི་མི་སྣའི་དོ་དམ་བྱེད་སྟངས་བཏོད་དེ་གཅིག་སྡུད་ལས་སྒྲུབ་དང་།ལེཊ་བསྡུས་ཞིབ་གཉེར་དོ་དམ།གཅིག་སྡུད་ཞབས་ཞུ་བཅས་བྱས་ནས་འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་མཉམ་དུ་སྤེལ་ཡོད།མིག་སྔའི་བར།ཁྱོན་རིཊ་ཁག་གི་རྩོད་གཞི་41བསལ་ནས་དངོས་འབྲེལ་གྱོད་གཞི་ཐག་གཅོད་ཐུབ་པ་བྱུང་ཡོད་པ་རེད།སླད་ཕྱིན།ང་ཚོས་སྣ་མང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་དམིཊ་པའི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།“1+6+N”ཡི་ལས་ཀའི་རྣམ་པར་སྤྱི་འདོམས་བྱེད་པ།འགལ་ཟླ་འདུམ་འགྲིག་བྱེད་པའི་གཅིག་འཐུས་རྣམ་པའི་བདག་སྤྲོད་དང་།འདུམ་འགྲིག་རབ་དང་རིམ་པ།འབྲེལ་ཐག་ཧྲིལ་པོའི་ཐག་གཅོད་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞི་རིམ་གྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱས་ཏེ།དྲ་མིག་གི་ཧྥེང་ཆའོ་དང་།སྤྲིན་རྩིས་བཅོས་སྐྱོང་གིས་འཚོ་བར་ཕན་པ་འདོགས།མགྲོན་མཇལ་ཧྥེང་ཆའོ་སོགས་ཀྱི་ལས་དོན་སྒྲུབ་ཐབས་གསར་གཏོད་བྱས་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད།གདོང་དཀར་ཁྲོམ་གཞུང་གིས་གྲངས་གཞིའི་ནུས་སྤྲོད་བྱེད་སྟངས་གསར་པ་ཧུར་ཐག་བཏོད་དེ་སྟོད་ལུང་བདེ་སྐྱིད་ཀུན་ཁྱབ་ཅེས་པའི་ལས་སྟེགས་བཏོད་ནས་ལག་ཐོགས་ཁ་པར་གྱི་སྒུལ་བདེའི་སྣེ་མོའི་ནུས་པ་གང་ལེགས་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྟབས་བདེ་ལ་ནུས་ཆེའི་ལན་སྤྲོད་ཐབས་ལམ་མཁོ་འདོན་བྱས་ཡོད།གྲོང་མིར་སེམས་ཁྲལ་བྱེད་དགོས་པའི་གནད་དོན་འཕྲད་སྐབས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་བསྣན་ཚེ་ལམ་སེང་ལན་བཞག་ནས་སྙན་སེང་ཞུས་ཆོག བྱེད་ཐབས་དེས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་འགྲོ་བར་ཚོད་འཛིན་ཐེབས་པའི་གནད་དོན་མངོན་གསལ་དོད་རིགས་ནུས་ལྡན་ངང་བསལ་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་བཏང་ཡོད།
གདོང་དཀར་ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་དགོན་སྡེར་བཅའ་སྡོད་དགའ་གདོང་དགོན་པའི་ལས་བྱེད་པས་དགོན་སྡེའི་ནང་གི་འབུད་ཤིང་སྤུངས་ས་དང་དགོན་སྡེའི་ཁང་པ་ཐག་ཉེ་བས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པ་ཤེས་རྟོགས་བྱུང་རྗེས།མངོན་མེད་རྐྱེན་ངན་དེ་དུས་ཐོག་ཏུ་སེལ་ཆེད་སྟོད་ལུང་བདེ་སྐྱིད་ཀུན་ཁྱབ་ཅེས་པའི་ལས་སྟེགས་བརྒྱུད་གོང་ཞུ་བྱས་པ་རེད།
གོང་ཞུ་བྱས་པའི་ཆ་འཕྲིན་འབྱོར་རྗེས།གདོང་དཀར་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཚན་པས་ལམ་སེང་དང་ལེན་ཞུས་ཏེ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་ནས་གནད་དོན་ཐག་གཅོད་ཀྱི་ཇུས་གཞི་མགྱོགས་མྱུར་བཟོས་པ་དང་།མེ་ཤིང་འཇོག་ས་སྤོ་བའི་ལས་དོན་མགྱོགས་མྱུར་སྤེལ་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད། བརྒྱུད་རིམ་དེའི་ནང་གདོང་དཀར་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཐད་གཏོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་དགོན་སྡེའི་དོ་དམ་ཨུ་ལྷན་དང་འབྲེལ་གཏུགས་དམ་ཟབ་བྱས་ཏེ།ལས་ཀའི་འཕེལ་རིམ་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད།
གནད་དོན་ཐག་གཅོད་བྱས་རྗེས་གདོང་དཀར་ཁྲོམ་གཞུང་གིས་སྟོད་ལུང་བདེ་སྐྱིད་ཀུན་ཁྱབ་ཅེས་པའི་ལས་སྟེགས་བརྒྱུད་དགོན་སྡེ་དོ་དམ་ཨུ་ལྷན་ལ་ཐག་གཅོད་བྱས་ཚུལ་ལན་སྤྲོད་བྱས་པ་རེད། གོང་རིམ་ལ་སྙན་སེང་ཞུ་བ་དང་ཐག་གཅོད་བྱེད་པ་ནས་མཐའ་མཇུག་གི་ལན་སྤྲོད་བར་གྱི་ལྷུ་ཚིགས་ཚང་མ་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པས།ལས་ཕྱོད་ཆེ་ལ་གདུབ་ཟུམ་གྱི་ལས་ཀའི་བརྒྱུད་རིམ་ཞིག་ཆགས་ཡོད།སྟོད་ལུང་བདེ་སྐྱིད་ཀུན་ཁྱབ་ཅེས་པའི་ལས་སྟེགས་དེ་གདོང་དཀར་ཁྲོམ་གཞུང་གི་གྲངས་གཞིའི་ནུས་པ་གཉིས་ལྡན་གྱི་གཞི་རིམ་བཅོས་སྐྱོང་གི་ཚོད་ལྟ་གསར་པ་ཞིག་ཡིན་པའི་ངོས་ནས་གྲོང་མིར་དེ་བས་སྟབས་བདེ་བའི་ཞབས་ཞུའི་ཉམས་ལེན་ཞིག་མཁོ་འདོན་བྱས་པར་མ་ཟད།གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པའང་བསྣན་ཡོད།
སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བདེ་འཇགས་ཁྲིམས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བདེ་སྐྱིད་གཡང་འཛོམས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས།གདོང་དཀར་ཁྲོམ་གཞུང་གིས་གྲངས་འཛིན་ཅན་གྱི་ཧྥེང་ཆའོ་བྱེད་སྟངས་བརྒྱུད།འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་མགྱོགས་སུ་བཏང་བ་དང་།ཆབས་ཅིག་གྲངས་གཞིའི་ནུས་པ་འཚོལ་ཞིབ་དང་།གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་འཚོལ་ཞིབ་བྱས་ཏེ།ཞུ་གཏུགས་འཕྲལ་དུ་སྒྲུབ་པ་དང་གྲོང་རྡལ་དང་ཁྲོམ་གཞུང་གིས་བརྡ་བཏང་ཚེ་སྡེ་ཚན་གྱིས་འབྱོར་ཐོ་འགོད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་འདི་ལོའི་ཚུན་དུ་འགལ་བ་དང་རྩོད་གཞི་ཁག་70ལྷག་ཙམ་འདུམ་འགྲིག་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་བློ་མགུ་ཚད་ཆེ་རུ་བཏང་བ་དང་།གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད་པ་རེད།
འདི་ལོའི་ཚུན་དུ།སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གཏུཊ་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཅིག་འཐུས་རྣམ་པའི་སྣ་མང་ཅན་གྱི་རྩོད་གཞི་སེལ་བ་དང་གཏུཊ་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།ཞུ་གཏུགས་མ་བྱས་སྔོན་གྱི་འདུམ་འགྲིག་བྱས་པའི་གྱོད་གཞི་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་23.6འཕར་བ་དང་།ཁྲིམས་འཛིན་གྱིས་ངོས་འཛིན་བྱས་པའི་གྱོད་གཞི་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ལྡབ་4འཕར་ཡོད།འགལ་བ་དང་རྩོད་གཞི་ཁག་དབྱེ་སྟེ་འདུམ་འགྲིག་བྱས་པ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་3འཕར་བ་དང་། དམངས་དོན་གྱོད་གཞི་རིཊ་ཁག་བདག་སྤྲོད་བྱས་པ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་11ཉུང་དུ་ཕྱིན་ཡོད།འགལ་བ་དང་རྩོད་གཞི་ཞུ་གཏུཊ་མ་བྱས་སྔོན་ལ་དངོས་སུ་འདུམ་འགྲིག་བྱས་ཏེ།ཞུ་གཏུཊ་བྱེད་མཁན་དོ་བདག་གི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེན་པོ་ཐོན་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་དོན་དངོས་དང་སྔ་བའི་ལས་ཀའི་ཁ་ཕྱོགས་མུ་མཐུད་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་སེལ་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།བྱེད་ཐབས་གསར་པ་རབ་དང་རིམ་པ་དང་།གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་བརྒྱུད་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔ་ཙམ་ནས་སེལ་བ་དང་ཆུང་ས་ནས་ཐག་གཅོད་བྱས་ནས་མཉམ་སྐྲུན་དང་།མཉམ་བཅོས།མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་རྣམ་པ་ཞིག་བཏོད་ཐོག་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社