ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་22ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་ཚད་ལྡན་ངང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་།ལྷག་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་དང་ཕྱིས་འབྱུང་གི་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སྲིད་འཛིན་ཁྲིམས་འཛིན་གྱི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྲིད་འཛིན་ཁྲིམས་འཛིན་ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།སྤུས་ཚད་མཐོ་བའི་སྲིད་འཛིན་ཁྲིམས་འཛིན་གྱི་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན། ལི་ཅང་ཤིན། འཇམ་དབྱངས་བློ་གྲོས། ཀྲང་ཏིང་ཁྲེང་། ལིན་ཡུང་།ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྲིད་འཛིན་ཁྲིམས་འཛིན་དེ་ཕྱོགས་གཅིག་ནས་སྲིད་གཞུང་དང་འབྲེལ་བ་ཡོད་པ་དང་ཕྱོགས་གཞན་ཞིག་ནས་མང་ཚོགས་དང་འབྲེལ་བ་ཡོད་པས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་ཁྲིམས་སྐྱོང་ལ་ཡིད་ཆེས་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གྲི་ཁ་ནང་ལ་གཏད་པའི་སྙིང་སྟོབས་ཀྱིས་བྱེད་ཐབས་ནན་པོ་འདོན་པ་དང་། བྱ་སྤྱོད་དངོས་སྤེལ་བ། ཞན་ཆ་གསབ་པ་བཅས་བྱས་ནས་དད་སེམས་བརྟན་པོ་དང་།དམངས་ཆེད་ཁྲིམས་འཛིན། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་དཔུང་ཁག་ཅིག་མགྱོགས་མྱུར་བཏོད་དེ་དེང་རབས་ཅན་གྱི་སྲིད་འཛིན་ཁྲིམས་འཛིན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ།
ལམ་སྲོལ་དང་སྒྲིག་སྲོལ་མཐུན་སྦྱོར་ཡོང་བར་བྱེད་དགོས་ཤིང་། ཁྲིམས་འཛིན་གྱི་དབང་ཆ་དང་འགན་འཁྲི་གསལ་པོ་བཟོ་བ་དང་། ཁྲིམས་འཛིན་ཐོན་ཁུངས་སྡེབ་སྒྲིག ཁྲིམས་འཛིན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྲིམས་འཛིན་གྱི་ལྟེ་གནས་གཞི་རིམ་དུ་གཤམ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སྒྲིག་སྲོལ་ལམ་སྲོལ་ཚད་ལྡན་ཅན་དུ་འགྱུར་བར་བརྟེན་ནས་སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཁོངས་གཏོགས་ཀྱི་འགན་འཁྲི་དང་། ཚན་ཁག་གི་འགན་འཁྲི། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱི་འགན་འཁྲི་བཅས་འཁུར་དུ་འཇུག་དགོས་པ་དང་། གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社