ཤིན་ཧྭ་གསར་འགྱུར་ཁང་མོ་རོ་ཁོའི་ཁ་ས་པུའུ་ལན་ཁེ་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ལ་རྒྱལ་དོན་མཚམས་འདྲི་གནང་གྲུབ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་རང་རྒྱལ་དུ་ཕྱིར་ལོག་ཕེབས་པའི་ལམ་བར་དུ་ཁ་ས་པུའུ་ལན་ཁེ་རུ་གནམ་གྲུ་བབས་ནས་སྐབས་འཕྲལ་ངལ་གསོ་བསྐྱོན་གནང་བ་རེད།
མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པའི་བཀའ་མངཊ་ལྟར། མོ་རོ་ཁོའི་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་དབུ་བཞུཊ་བློན་ཆེན་ཨ་ཧོ་ནུའུ་ཧྲི་ཆེད་མངགས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུར་བཅར་བ་མ་ཟད། གནམ་ཐང་དུ་དགའ་བསུའི་མཛད་སྒོའང་འཚོཊ་ཡོད།
ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ཧ་སང་ལ་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པར་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུཊ་བརྒྱུད་ཞུ་གནང་རོཊ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོ་རོ་ཁོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད་པ་དང་། ཕྱོཊ་གཉིས་པོའི་དངོས་གཉེར་མཉམ་ལས་ལ་ཕན་འབྲས་ལྡན་ཞིང་ཁྱབ་ཁོངས་ཁག་གི་འགྲོ་འོང་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། 2016ལོར། མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་སྐབས། ང་རང་དང་ཁོང་གི་དབར་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོལ་མོལ་བྱ་རྒྱུ་བྱུང་བ་དེས་ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་ཡོད། ཀྲུང་གོ་ཕྱོཊ་ཀྱིས་མོ་རོ་ཁོས་རྒྱལ་ཁབ་ཀྱི་བདེ་འཇཊ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་།
(པར་ངོས་གཉིས་པར་གཟིགས)
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ལ་རྒྱལ་དོན་མཚམས་འདྲི་གནང་གྲུབ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་རང་རྒྱལ་དུ་ཕྱིར་ལོག་ཕེབས་པའི་ལམ་བར་དུ་ཁ་ས་པུའུ་ལན་ཁེ་རུ་གནམ་གྲུ་བབས་ནས་སྐབས་འཕྲལ་ངལ་གསོ་བསྐྱོན་གནང་བ་རེད།
མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པའི་བཀའ་མངགས་ལྟར། མོ་རོ་ཁོའི་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་དབུ་བཞུགས་བློན་ཆེན་ཨ་ཧོ་ནུའུ་ཧྲི་ཆེད་མངགས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུར་བཅར་བ་མ་ཟད། གནམ་ཐང་དུ་དགའ་བསུའི་མཛད་སྒོའང་འཚོགས་ཡོད། པར་འདི་ནི་ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་མཛའ་བརྩེའི་གླེང་མོལ་གནང་བཞིན་པའི་གནས་ཚུལ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社