ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་ཆེད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱེད་པའི་ལས་ཀའི་རྩ་དོན་ལ་དམ་པོར་དམིགས་ནས། གྲོང་ཁྱེར་གྱི་གྲོང་དོན་གཞུང་ལམ་སྔོ་འགྱུར་རིམ་སྤོར་དང་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཁོར་ཡུག་མཛེས་པ་དང་། འབྱུང་ཁམས་ལེགས་པ། ཉམས་འགྱུར་ཐུན་མོང་མ་ཡིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་ཞིག་ཧུར་ཐག་གཏོད་བཞིན་ཡོད་པ་རེད། འདི་ལོའི་ཟླ་6པ་ནས་བཟུང་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་ཚུན། རྣམ་གྲངས་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་གྲོང་ཁྱེར་གྱི་མཛེས་ལྗོངས་ཁོར་ཡུག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社