分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་དོན་དངོས་དང་སྔ་བར་བརྟེན་ནས་འཆམ་ མཐུན་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་བ།

འདི་ལོ་ནས་བཟུང་།སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ་དང་བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་།འགོ་ནས་མཇུག་བར་གྱི་ལས་ཀའི་ལྷུ་ཚིགས་ཁག་ལ་དམིགས་པ། དོན་དངོས་དང་སྔ་བའི་བླང་བྱ་དེ་འགལ་བ་དང་རྩོད་གཞི་འདུམ་འགྲིག་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱ་རྒྱུར་སྣང་ཆེན་བྱེད་པ་བཅས་ཀྱིས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ལས་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཐོག་མང་ཚོགས་ཀྱི་བློ་མགུ་ཚད་དང་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་མི་ཚང་མར་འགན་འཁྲི་ཡོད་པ་དང་།མི་ཚང་མས་འགན་འཁྲི་འཁུར་བ།མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་གཞི་རིམ་བཅོས་སྒྲིག་གི་གཅིག་མཐུན་ཚོགས་པའི་ལས་ཀའི་བླང་བྱ་ལག་བསྟར་བྱས་ཏེ། ལམ་ལུགས་ལེགས་སྒྲིག་དང་འགལ་ཟླ་འདུམ་འགྲིག་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་མཐུན་སྦྱོར་རྣམ་པའི་བཅོས་སྒྲིག་ཆེན་པོ་གཏིང་ཟབ་སྤེལ་བ་རེད།ལས་དོན་སྒྲུབ་སའི་གཞུང་ལས་ཁང་ཆུང་ཤོས་ཅན་དང་།མང་ཚོགས་ཀྱི་ཞབས་ཞུ་ཆེ་ཤོས་ཅན་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་། ཡིག་སྐུར་ངོ་བཅར་ལ་སྣེ་ལེན་དང་།ངལ་རྩོལ་ལྟ་ཞིབ།བཅའ་ཁྲིམས་རོགས་སྐྱོར།དེ་བཞིན་ཁྲིམས་བསྟར་ཁྲིམས་འཛིན་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་སྐུལ་སློང་བྱས་ཏེ།གཞི་རིམ་བཅོས་སྐྱོང་གི་ལས་དོན་སྤེལ་ཡོད།དམངས་ཕན་ཞབས་ཞུ་ལྟེ་གནས་གཞི་རྟེན་གཙོ་བོར་བྱས་པའི་ཡིག་བསྐུར་ངོ་བཅར་བྱེད་ས་34བཙུགས་པ་དང་། སྤུས་ཚད་མཐོ་རུ་བཏང་ནས་གྲོང་རྡལ་ཁྲོམ་གཞུང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་3དང་སྣ་མང་འདུམ་འགྲིག་ལྟེ་གནས་3བཙུགས་པ།ས་ཁོངས་གཅིག་གྱུར་འཆར་འགོད་འོག་གི་སྐར་མ་བཅོ་ལྔའི་བདེ་སྐྱིད་འཚོ་བའི་འཁོར་རྒྱ་དང་སྐར་མ་ལྔའི་དམངས་ཕན་ཞབས་ཞུའི་འཁོར་རྒྱ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས།ཡབ་མདའ་ཁྲོམ་གཞུང་གི་སྣ་མང་གྱོད་གཞི་དོ་དམ་མ་ལག་གི་བརྙན་ཤེལ་ཆེན་པོའི་ཐོག་མི་འབོར་གྱི་གྲངས་གཞི་དང་།མི་སྣའི་ཆ་འཕྲིན།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-24 6 6 拉萨日报藏文 c191558.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་དོན་དངོས་དང་སྔ་བར་བརྟེན་ནས་འཆམ་ མཐུན་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་བ། /enpproperty-->