分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན། ལི་ཅང་ཤིན། འཇམ་དབྱངས་བློ་གྲོས། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག མ་འཇོག་ནི་དཔལ་འབྱོར་འཕར་བར་བྱེད་པའི“གསུམ་སྦྲེལ་ཐེར་གེའི”རྟ་གཅིག་ལྟ་བུ་དང་། རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ལས་ཀའི་རང་འགུལ་རང་བཞིན་དང་། ཧུར་བརྩོན་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ། འགག་གནད་དང་དཀའ་གནད་བསལ་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་སྟེ།

རྣམ་གྲངས་ལ་མཐོང་ཆེན་བྱེད་དགོས། དེའང“རྣམ་གྲངས་གཙོ་བོར་འཛིན་པ་དང་ལས་ཕྱོད་གསེར་ལས་ལྷག་པའི”འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རྣམ་གྲངས་དོན་གཉེར་དང་རྣམ་གྲངས་ལ་དམ་འཛིན། རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དམ་འཛིན་ལྷོད་མེད་དང་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་སྒོ་ནས་ནུས་ལྡན་གྱི་མ་འཇོག་དེ་བས་མང་བ་ཐུབ་པར་བྱེད་དགོས།

སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དེའང་སྒྱུར་བཅོས་ཏེ“འགག་རྩའི་བྱ་ཐབས་གཅིག”དེ་ལེགས་པར་སྤྱད་ནས་སྲིད་འཛིན་ཞིབ་མཆན་དང་འོས་སྐུལ་འོས་དཔོད་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཕྱོགས་ཡོངས་ནས་ཉེན་ཁ་དང་སྐྱོན་ཆ་འགོག་པ་བཅས་བྱས་ཏེ། རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་འཛུགས་སྐྲུན་བྱེད་པ། སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། དེའང་རྣམ་གྲངས་གཙོ་གཉེར་སྡེ་ཚན་གྱི་གཙོ་གཉེར་འགན་འཁྲི་དང་འཛུགས་སྐྲུན་ནང་ཞུགས་པའི་ཚན་པའི་དོ་དམ་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། རྣམ་གྲངས་གལ་ཆེན་འགན་གཙང་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་དང་གསལ་ཐོའི་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་འདོམས་བཀོད་གཏོང་དང་ཕན་འབྲས་འདྲི་རྩད་བྱེད་པ། བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ས་ཁུལ་རིམ་པའི་འགོ་ཁྲིད་དང་། རྫོང(ཆུས)དང་ནུས་པའི་གླིང་ཁུལ། དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191495.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->