分享按钮

ཝང་ཆང་གིས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། མཚོ་སྟོད་ཤང་དུ་ཝང་ཆང་གིས་མཚོ་སྟོད་གྲོང་ཚོའི་ཞིང་ལས་ཀྱི་འགྱུར་ལྡོག་གསུམ་གྱི་སྒྱུར་བཅོས་གནས་ཚུལ་ནན་ཏན་ངང་གསན་པ་དང་སྒྱུར་བཅོས་ཀྱི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། འགྱུར་ལྡོག་གསུམ་གྱི་སྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་ལྷག་པར་དུ་ཐོན་རྫས་ཚོང་ཟོག་ཅན་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བླང་བྱ་བཏོན་པ་རེད། གསུམ་འཕྲེང་ཤང་དུ་རྩྭ་ཕྱུགས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དང་། འབྲི་གཡག་གསོ་ཚགས། རྩྭ་སོན་གསོ་སྤེལ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ་དང་། ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་པ། ཚན་རྩལ་འགག་སྒྲོལ་ཤུགས་ཆེན་བྱེད་པ། མ་གནས་ལ་དོ་དམ་ཡག་པོ་བྱེད་པ། ཐོན་ལས་ཀྱི་གོང་འོག་སྦྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བརྟག་ཞིབ་གནང་རིང་། ཝང་ཆང་གིས་སྔ་རྗེས་སུ་ཕུ་མདོ་ཆུ་འདྲེན་ལས་གྲྭ་དང་རྫོང་སྨན་ཁང་གནས་སྤོ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མཁྱེན་རྟོགས་གནང་བ་དང་། རྣམ་གྲངས་འཛུགས་སྐྲུན་ཁྲོད་དུ་གནས་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱེད་རོགས་གནང་ཡོད། ཁོང་གིས་ནན་གསུངས་གནང་དོན། རྣམ་གྲངས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན་པས། རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་དང་རྣམ་གྲངས་ཆེ་གྲས་ལ་དམ་འཛིན་བྱེད་པའི་སྟོན་ཕྱོགས་བརྟན་པོར་འཛུགས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ། ཇུས་འགོད་ཀྱི་ཚད་གཞིར་ནན་པོར་གཞིགས་ནས་ཨར་ལས་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། མ་འཇོག་གི་ཕན་འབྲས་ལ་འགན་ལེན་བྱེད་པ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་། ལས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཝང་ཆང་གིས་ནན་གསུངས་གནང་དོན། ལྷུན་གྲུབ་རྫོང་དེ་གྲོང་ཁྱེར་ཡོངས་དང་ཐ་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་རྫོང་ཆེན་ཞིག་ཡིན་པའི་ངོས་ནས། ངེས་གནས་དང་ལེགས་ཆ་གནད་ལ་འཁེལ་བའི་ངང་བཙལ་ཏེ། ལྷུན་གྲུབ་རྫོང་འཕེལ་རྒྱས་ཀྱི་ཐོན་ཁུངས་ལེགས་ཆར་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས། ཞིང་འབྲོག་ཐོན་ལས་ཀྱི་འཕེལ་རྒྱས་དང་གྲོང་གསེབ་སྒྱུར་བཅོས་སོགས་ཀྱི་ཐད་ལྗོངས་ཡོངས་ཀྱི་ཚད་ཤིང་དང་། སྤུས་རྟགས། མ་དཔེ་བཅས་ཧུར་ཐག་གཏོད་དགོས་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ་དང་གསར་འབྱེད་གསར་གཏོད་བྱས་ཏེ། བསམ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མར་དམིགས་པ། “བསམ་བློ་གཏོང་ཐབས”ཧུར་ཐག་སྤེལ་བ། དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་བཅས་བྱས་ནས། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་ཏན་ཏིག་བྱེད་དགོས་པ། དཔུང་ཁག་ལ་དམ་འཛིན་ཡག་པོ་དང་འགོ་ཁྲིད་ཚན་པའི་སྣེ་ཁྲིད་ཡག་པོ་བྱེད་དགོས་ཤིང་། ལས་སྒྲུབ་ལས་གཏོད་ཀྱི་འགག་རྩ་ནི་མི་དང་ལས་བྱེད་པའི་དཔུང་ཁག་ལ་ཐུག་ཡོད། ལས་བྱེད་པའི་རང་འགུལ་རང་བཞིན་དང་། ཧུར་བརྩོན་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། རང་རང་སོ་སོའི་ལས་གནས་ཐོག་ལས་དོན་ཧུར་ཐག་སྒྲུབ་པ་དང་སྔོན་ལ་ལས་དོན་བསྒྲུབས་ནས་ལྷུན་གྲུབ་རྫོང་གི་བྱ་གཞག་ཁག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

གྲོང་སྤྱི་གཞོན་པ་ལུའུ་ཚུང་ཧྥུ་མཉམ་དུ་བརྟག་ཞིབ་ལ་ཕེབས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191494.html 1 ཝང་ཆང་གིས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ། /enpproperty-->