分享按钮

(པར་ངོས་དང་པོར་མཐུད)གྲོང་ཁྱེར་ཡོངས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད། རྗེས་མའི་ལས་དོན་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དེ་ལྷ་ས་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ཤུགས་རྒྱག་ས་ཆེན་པོ་གཉིས་ཡིན་པས་རིམ་ཁག་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་མཛུབ་སྟོན་བླང་བྱ་དང་། དེ་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། 《ལྷ་ས་གྲོང་ཁྱེར་གྱི་2024ལོའི་འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་གཙོ་གནད་དང་ལས་འགན་ཁག་བགོས》ཀྱི་བླང་བྱ་གཞིར་བཟུང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་ལས་འགན་ཁག་གི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་རྒྱག་པ། ཕྱར་བ་གྲུ་འདེགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས། རིམ་ཁག་སྡེ་ཚན་ཁག་གིས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་སྐབས་ངེས་པར་དུ་མཐོང་ཆེན་བྱས་ནས་ལས་འགན་ཁག་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ། ལས་ཀའི་གསལ་ཐོ་བཟོ་དགོས་པ་དང་། ལས་ཡུན་ལྡོག་སྒྲིག་བྱས་ནས་དུས་མཚམས་ཁག་གི་ལས་ཀའི་དུས་ཚོད་ཁ་གསལ་བཟོས་ཏེ། ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས་པ། བརྒྱུད་རིམ་ཁག་གི་སྦྲེལ་མཐུད་ལ་སྣང་ཆེན་བྱས་ནས་ལས་དོན་ཁག་དངོས་འབྲེལ་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་པ། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་འཕེལ་རིམ་དང་ཕན་འབྲས་ཀྱི་འགག་སྒོ་ནན་པོར་སྲུང་དགོས་པ། ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་བཏང་ནས་ནུས་ཆེ་དང་ཏན་ཏིག་གིས་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཁོངས་གཏོགས་ཚན་པའི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191493.html 1 /enpproperty-->