ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཀྱི“གཱ་གཅིག་ཀུན་འཐུས”དང“གདོང་བཤེར”གྱི་སྨན་བཅོས་གྲོན་དངུལ་གཏོང་སྤྲོད་མ་ལག་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་མཛད་སྒོར་ཕེབས་ཡོད།
ཀྲའོ་ཧྲི་ཏུང་གིས་གསུངས་དོན། དམངས་ཕན་སྨན་བཅོས་ཀྱི་གཏོང་སྤྲོད་མ་ལག་དེ་སྤྱོད་འགོ་ཚུགས་པ་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་ལེན་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་འཛུགས་པའི་ཐད་ཀྱི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་བརྒྱུད་རིམ་སྟབས་བདེ་རུ་གཏོང་བའི་བྱ་བཟང་དང་བྱ་བ་དངོས་ཤིག་ཀྱང་ཡིན་པས། སྨན་ཁང་གི་གཉེར་སྐྱོང་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་གྲངས་གཞིའི་གསར་བརྗེའི་འདུ་ཤེས་དེ་ཡུལ་མིའི་སྨན་བཅོས་བདེ་ཐང་གི་བྱ་གཞག་ཁྲོད་དུ་ལག་བསྟར་ཏན་ཏིག་ཐུབ་ཡོད། དེ་རྗེས་ཀྲའོ་ཧྲི་ཏུང་གིས་མ་ལག་བཀོལ་སྤྱོད་ཀྱི་བརྒྱུད་རིམ་མཁྱེན་རྟོགས་གཏིང་ཟབ་གནང་ནས་དམངས་ཕན་སྨན་བཅོས་ཀྱི་སྟབས་བདེའི་རང་བཞིན་དང་། ཁྲེང་ཀོན་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་རིག་ནུས་ཅན་གྱི་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད།
སྨན་ཁང་དེའི་ནད་སྡོད་པུའུ་ཡི་འཛུགས་སྐྲུན་འཆར་འགོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཀྲའོ་ཧྲི་ཏུང་གིས་ནན་གསུངས་གནང་དོན། ནད་སྡོད་པུའུ་ནི་སྨན་ཁང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྒྲིག་ཆས་དང་ཞབས་ཞུ་ཁག་གིས་ནད་པའི་དགོས་མཁོ་སྐོང་ཐུབ་པར་བྱས་ནས། མང་ཚོགས་ལ་སྤུས་ལེགས་དང་ནུས་ཆེའི་སྨན་བཅོས་ཁོར་ཡུག་ཧུར་ཐག་གཏོད་དགོས།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社