分享按钮

ཞི་ཅིན་ཕིང་དང་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་རྣམ་གཉིས་ཀྱིས་གསར་འགོད་པར་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་ལི་ཡ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་རྣམ་གཉིས་ཀྱིས་པར་ཙིར་ལི་ཡའི་སྲིད་འཛིན་ལས་ཤག་ཏུ་མཇལ་མོལ་གནང་གྲུབ་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ང་རང་ལོ་5ཡི་རྗེས་སུ་སླར་ཡང་གཅེས་སེམས་དང་རེ་བས་ཁེངས་པའི་ས་ཆ་འདིར་ཡོང་བ་ཡིན། རྡོག་ཐོན་མ་བྱས་གོང་ལ། ང་ལ་པར་ཙིར་གྱི་ལས་རིཊ་ཁག་གི་མཛའ་གྲོཊ་མི་སྣའི་འཕྲིན་ཡིག་མང་པོ་ཞིག་འབྱོར་བྱུང་། འཕྲིན་ཡིག་ནང་པར་ཙིར་མི་དམངས་ཀྱིས་ཀྲུང་པར་དབར་གྱི་མཛའ་གྲོགས་ལ་མཐོང་ཆེན་བྱེད་ལུཊ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་རེ་སྒུག་བྱེད་ལུགས་འཁོད་ཡོད་པས་ང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང་། ད་གིན་ངས་སྲིད་འཛིན་ལུའུ་ལ་དང་བྱམས་བརྩེའི་ངང་མཇལ་མོལ་བྱས་པ་དང་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།ང་ཚོས་ཐུན་མོང་ཐོག་ཀྲུང་པར་དབར་གྱི་ལོ་ངོ་50ཡི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་། གོ་ལ་ཧྲིལ་པོ་ཅན་དང་། འཐབ་ཇུས་ཅན། ཕུགས་ཕན་ཅན་བཅས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེ་ཞིག་ཏུ་གྱུར་བའི་ངོས་འཛིན་གཅིག་མཐུན་བྱུང་།

ང་ཚོར་ཀྲུང་པར་དབར་གྱི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ངོས་འཛིན་གཅིག་མཐུན་གསར་པ་བྱུང་བ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191486.html 1 ཞི་ཅིན་ཕིང་དང་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་རྣམ་གཉིས་ཀྱིས་གསར་འགོད་པར་མཇལ་འཕྲད་གནང་བ། /enpproperty-->