分享按钮

ཞི་ཅིན་ཕིང་གིས་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་དང་མཇལ་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་སྔ་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ལི་ཡའི་སྲིད་འཛིན་ལས་ཤག་གི་སྐྱ་རེངས་ཕོ་བྲང་དུ་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་དང་མཇལ་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་ལི་ཡ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་སྔ་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ལི་ཡའི་སྲིད་འཛིན་ལས་ཤག་གི་སྐྱ་རེངས་ཕོ་བྲང་དུ་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་དང་མཇལ་མོལ་གནང་ཞིང་།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་ངེས་གནས་དེ་ལག་གདང་སྦྲེལ་ནས་དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་གོ་ལ་ཞིག་བསྐྲུན་རྒྱུའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

དབྱར་འགོ་མའི་སྐབས་ཀྱི་པར་ཙིར་ལི་ཡའི་གནམ་གཤིས་ཧ་ཅང་དྭངས་ཤིང་། སྐྱ་རེངས་ཕོ་བྲང་གི་སྤང་ལྗོངས་སྔོ་ཐིང་ངེར་གྱུར་བ་དང་།དཔའ་ཉམས་ལྡན་པའི་གུས་ལུགས་དམག་450གྲལ་འགྲིག་པོས་ལངས་ཡོད། སྐུ་སྲུང་རྟ་དམག་120ཡི་ཕེབས་སྲུང་འོག་ཞི་ཅིན་ཕིང་ཆིབས་འཁོར་ལ་བཞུགས་ནས་སྐྱ་རེངས་ཕོ་བྲང་མདུན་གྱི་ཐང་ཆེན་དུ་ཕེབས་ཡོད།

སྲིད་འཛིན་ལུའུ་ལ་དང་སྐུ་ཟླ་ལུའོ་སང་རེ་ལ་ཡིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་པ་དང་འབྲེལ་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་ཤིག་གཉེར་བ་རེད།

དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟབ་སྦྲེང་རུ་ཁག་གི་ཁག་བགོས་མཛད་སྒོར་ལྷན་དུ་གཟིགས་པ་རེད།ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་བྱིས་པས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། པར་ཙིར་གྱི་སྒྱུ་རྩལ་མཁས་ཅན་གྱིས་རྒྱ་སྐད་ཀྱི་ཐོག་ནས《ངའི་མེས་རྒྱལ》ཞེས་པའི་གླུ་གཞས་བཏང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་གྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་བ་རེད།

ཕེབས་བསུའི་མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་འདིར་པར་ཙིར་དུ་འཚམས་འདྲིར་སྐྱོད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191485.html 1 ཞི་ཅིན་ཕིང་གིས་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་དང་མཇལ་མོལ་གནང་བ། /enpproperty-->