分享按钮

ཞི་ཅིན་ཕིང་པར་ཙིར་གྱི་སྲིད་འཛིན་ལུའུ་ལས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུཊ་པ།

ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་ལི་ཡ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་དགོང་མོ་པར་ཙིར་ལི་ཡར་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་ཡིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་གནང་ཡོད།

ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་ནས་སྲིད་འཛིན་ལུའུ་ལ་དང་པར་ཙིར་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། སྲིད་འཛིན་ལུའུ་ལ་ཡི་འགོ་ཁྲིད་འོག་པར་ཙིར་ལ་གོང་འཕེལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་པར་ཙིར་གཉིས་རྒྱ་མཚོ་ཆེན་པོས་ཆོད་ཀྱང་དེས་ཕན་ཚུན་དབར་རྒྱུས་མངའ་ལོན་པ་དང་ཕན་ཚུན་བརྩེ་བ་ཟབ་མོ་འཆང་བའི་གོམ་སྟབས་གཏན་ནས་འགོག་མྱོང་མེད། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོར་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་ཡོད་ལ། ཕན་ཚུན་ཞི་མཐུན་མཉམ་འདྲེས་ཐུབ་ཡོད། སྒོ་འབྱེད་གསར་གཏོད་དང་སྣ་མང་གཞི་གཅིག་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁྱད་ཆོས་དང་རེ་སྙེག་བྱ་ཡུལ་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ང་དང་སྲིད་འཛིན་ལུའུ་ལ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་ལག་གདང་སྦྲེལ་ནས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191487.html 1 ཞི་ཅིན་ཕིང་པར་ཙིར་གྱི་སྲིད་འཛིན་ལུའུ་ལས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུཊ་པ། /enpproperty-->