ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་ལི་ཡ་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་གྲུབ་ནས་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་རང་རྒྱལ་དུ་ཕྱིར་ལོག་གནང་འགོ་ཚུགས་པ་རེད།
པར་ཙིར་ལི་ཡ་ནས་ཞལ་གྱེས་སྐབས་པར་ཙིར་གྱི་ཞིང་ལས་པུའི་པུའུ་ཀྲང་ཧྥ་ཝ་ལུའོ་དང་། གཏེར་ཐོན་དང་ནུས་རྒྱུ་པུའི་པུའུ་ཀྲང་ཤིའར་ཝུའེ་ལ། གྲུ་ཁ་དང་གནམ་ཐང་གི་པུའུ་ཀྲང་ཁོ་སི་ཐ། པར་ཙིར་ལི་ཡའི་མཁའ་དམག་རྟེན་གཞིའི་དམག་སྤྱི་སྨི་ཀེར་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།
ཞི་ཅིན་ཕིང་ཆིབས་འཁོར་ནང་བཞུཊ་ནས་གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི་བཅས་ཀྱིས་ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་མཛའ་གྲོཊ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་སྐད་གསང་མཐོན་པོས་འབོད་སྒྲ་བསྒྲཊ་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་རྣམས་ཀྱང་གནམ་གྲུར་བཞུགས་ནས་ཕྱིར་ལོག་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社