分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་འཛུཊ་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་21ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་གཏོང་དང་། 2024ལོའི་དགུན་དུས་ལས་མཚམས་མི་འཇོག་པའི་རྣམ་གྲངས་འཛུཊ་སྐྲུན། 2025ལོའི་རྣམ་གྲངས་གྲ་སྒྲིག་བཅས་ཀྱི་སྙན་ཞུར་གསན་པ་རེད། ཁོང་གིས། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། རྣམ་གྲངས་ལ་ཇུས་འགོད་བྱེད་པ་ནི་འབྱུང་འགྱུར་ལ་ཇུས་འགོད་བྱེད་པ་ཞིག་ཡིན”ཞེས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། སྤུས་ཚད་མཐོན་པོས་རྣམ་གྲངས་ལ་ཇུས་འགོད་བྱེད་པ་དང་། ལས་ཕྱོད་མཐོན་པོས་རྣམ་གྲངས་ལ་ཞིབ་མཆན་འགོད་པ། ཆུ་ཚད་མཐོན་པོས་རྣམ་གྲངས་འཛུགས་སྐྲུན་བྱེད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་སྐྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191483.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་འཛུཊ་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->