ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་20ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ལྷུན་གྲུབ་རྫོང་དུ་ཕེབས་ནས་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་། རང་འགུལ་གནད་དཀྲོལ། གསར་འབྱེད་གསར་གཏོད་བཅས་བྱས་ནས་ལྷུན་གྲུབ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཝང་ཆང་དཔལ་འབྱོར་གླིང་ཤང་དུ་ཕེབས་ནས་ས་གནས་དེ་གའི་ཡུལ་མི་མང་ཚོཊ་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ད་དུང་ཡུལ་དངོས་སུ་མི་ཕྱུགས་ལོགས་དབྱེ་བྱས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། མི་ཕྱུགས་ལོགས་དབྱེའི་ལས་དོན་ནི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས།(པར་ངོས་གསུམ་པར་གཟིགས)
ཟླ་11ཚེས་20ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ལྷུན་གྲུབ་རྫོང་དུ་ཕེབས་ནས་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社