分享按钮

ཤའོ་ཡིའུ་ཚའེ་ཡིས་འབྱུང་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྙིང་རུས་བརྟན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)བོད་ལྗོངས་སློབ་ཆེན་འབྱུང་ཁམས་ཁོར་ཡུག་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེན་མོ་བ་ལུའེ་ཞུའེ་པིན་གྱིས《ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཀྲུང་གོའི་ལག་ལེན》ཞེས་པ་ཁ་བྱང་དུ་བྱས་ནས་སློབ་ཁྲིད་བྱས་པ་རེད།སློབ་ཚན་ཐོག་དགེ་རྒན་ཆེན་མོ་བ་ལུའེ་ཞུའེ་པིན་གྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་གྲུབ་སྟངས་དང་འཕེལ་རྒྱས་འགྲོ་ཚུལ་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་དང་།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ།ལྷ་སའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་དང་ལྷག་པའི་གནད་དོན་ལ་དོན་དངོས་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་དང་འབྲེལ་ལས་དོན་གྱི་གྲོས་འགོའང་བཏོན་པ་རེད།

ཚོགས་འདུའི་ཐོག་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་འབྱུང་ཁམས་ཡིན་པ་དང་།འགན་འཁྲི་ཆེ་ཤོས་ནི་འབྱུང་ཁམས་ཡིན་པ།མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཡང་འབྱུང་ཁམས་ཡིན་པ་དང་།བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་ཁུར་ཏེ་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་གཡོ་འགུལ་མི་གཏོང་བར་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་།ཏན་ཏིག ཞིབ་ཕྲ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་རྣམ་པ་གསར་པ་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་སྟེ།

རང་བྱུང་རི་ཆུའི་མཛེས་པ་སྐྱོང་དགོས་ཤིང་།རི་བོ་གཉིས་དང་།ཆུ་བོ་གཅིག འདམ་ར་གཅིག་བཅས་ལ་དམིགས་ནས་མཛེས་སྡུག་ལྡན་པའི་ལྷ་སའི་འབྱུང་ཁམས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས་པ་དང་།བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་ཆབ་སྲིད་ཀྱི་ངེས་ཤུགས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་བ་དང་དགུན་དུས་བདག་སྐྱོང་ཡག་པོ་བྱས་ནས་སྡོང་ཕྲུག་གསོན་ཚད་འགན་ལེན་བྱེད་དགོས།ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་བཅོས་སྒྲིག་བྱེད་མགྱོགས་སུ་བཏང་ནས་ལྷ་ཀླུ་འདམ་རར་དོ་དམ་ཞིབ་ཚགས་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ལྷ་སའི་ནམ་མཁའ་དེ་བས་སྔོ་བ་དང་།རི་བོ་དེ་བས་སྔོ་ལྗང་།ཆུ་མོ་དེ་བས་དྭངས་པ་བཅས་ཡོང་བར་བྱེད་དགོས།

འབྱུང་འཕྲོད་འཕེལ་རྒྱས་ཀྱི་རྣམ་པ་སྣོན་དགོས་ཤིང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཐོན་ལས་ཀྱི་གྲུབ་ཚུལ་ལེགས་འགྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ།ཐོན་ལས་ཆེན་པོ་དགུ་དང་།སྔོ་འགྱུར་འདུས་ཚད།དཔལ་འབྱོར་འཕེལ་རྒྱས་ཀྱི་རིན་ཐང་ལྡན་ཚད་བཅས་ཆེ་རུ་གཏོང་དགོས།ལྷ་སའི་དམིགས་བསལ་གྱི་ས་མཐོའི་འབྱུང་ཁམས་མཛེས་ལྗོངས་ཡག་པོ་སྤྱད་དེ་ལེ་ལག་སྒྲིག་བཀོད་ལེགས་སུ་གཏོང་བ་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ།ཞབས་ཞུའི་ཆུ་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་མཛེས་ལྗོངས་ཁུལ་དེ་བས་མང་བ་བཏོད་དེ་ལྷ་སའི་འབྱུང་ཁམས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་ལེགས་ཆར་སྒྱུར་བར་བྱེད་དགོས།

འབྱུང་ཁམས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་།སྒྱུར་བཅོས་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲིའི་མ་ལག་དང་།ལྟ་སྐུལ་དོ་དམ་གྱི་མ་ལག ཁྲོམ་རའི་མ་ལག བཅའ་ཁྲིམས་ཁྲིམས་སྲོལ་སྲིད་ཇུས་ཀྱི་མ་ལག་བཅས་སྔར་བས་འཐུས་ཚང་དུ་བཏང་ནས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ནས་ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ནམ་མཁའ་སྔོ་བ་དང་།ཆུ་བོ་དྭངས་གཙང་།ས་གཞི་གཙང་བ་བཅས་སྲུང་སྐྱོང་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས།

གནས་སྡོད་དང་ལས་གཏོད་ལ་འཚམ་པའི་གྲོང་ཁྱེར་བསྐྲུན་དགོས་ཤིང་།མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་བློ་ཁ་ཕྱོཊ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ།ཚད་གཞི་མཐོ་བའི་ངང་གྲོང་ཁྱེར་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བ།མཛེས་ལྗོངས་ཁུལ་གྱི་སྒྱུ་རྩལ་དངོས་པོ་ཆུང་ངུ་དང་བྱེད་ནུས་ཅན་གྱི་སྤྱི་གླིང་དེ་བས་མང་བ་གཏོད་པ་བཅས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་ལས་ཀ་དང་།འཚོ་བ།སློབ་སྦྱོང་བཅས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། མཛེས་སྡུག་ལྡན་པ།དགེ་མཚན་ལྡན་པ་བཅས་ཡོང་བར་བྱེད་དགོས་པ་བསྟན་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-22 6 6 拉萨日报藏文 c191479.html 1 ཤའོ་ཡིའུ་ཚའེ་ཡིས་འབྱུང་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྙིང་རུས་བརྟན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->