分享按钮

ས་མཐོའི་མཐོ་ས་ནས་སྐར་ཚོགས་ལ་ལྟ་དཔྱད་བྱེད་པ།

ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད་པའི་བོད་ལྗོངས་མངའ་རིས་སུ་ཧ་ཅང་དཀོན་ཞིང་གཙང་བའི་རླུང་ཁམས་ཆེན་པོའི་ཆ་རྐྱེན་དང་ས་བབ་ཧ་ཅང་མཐོ་པོ་ཡོད་པའི་དབང་གིས་གནམ་དཔྱད་རིག་པ་མཁས་ཅན་གྱིས་སྐར་ཚོགས་ཀྱི་རྒྱ་མཚོར་ལྟ་ས་དང་རྒྱང་རིང་གི་འཇིག་རྟེན་ལ་ལྐོག་ལྟ་བྱེད་ས་ཡག་ཤོས་ཤིག་ཏུ་གྱུར་ཡོད།རྒྱལ་ཁབ་གནམ་དཔྱད་ལས་ཁུངས་མངའ་རིས་ལྟ་དཔྱད་ཚད་འཇལ་ས་ཚིགས་ནི་སའི་གོ་ལའི་ཕྱེད་བྱང་མའི་གནམ་དཔྱད་ལྟ་དཔྱད་ཚད་འཇལ་ས་ཚིགས་ཡག་ཤོས་ཀྱི་གྲས་ཤིག་ཡིན་ཞིང་།རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་དོན་འཁྱོལ་བྱས་པ་དང་། ཆབས་ཅིག་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་གཞི་གཅིག་ཏུ་གྱུར་པའི་ཆེས་ས་མཐོའི་ཁྱད་ཆོས་ལྡན་པའི་གནམ་དཔྱད་ཚན་རིག་ཞིབ་འཇུག་གི་ཚན་རིག་ཁྱབ་གདལ་རྟེན་གཞི་མགྱོཊ་མྱུར་སྐྲུན་བཞིན་ཡོད་པ་རེད།

གཞིས་རྩེར་ཁ་ཚད་སྨི་40ཡོད་པའི་གློག་རླབས་གནམ་དཔྱད་རྒྱང་ཤེལ་དེ་འདི་ལོའི་ཟླ་10པར་གནམ་སྐུད་མ་ལག་གི་ལྡོག་འཕྲོའི་གཟུགས་གཙོ་བོ་དཔྱང་སྒྲིག་བྱས་ཟིན་པ་དང་།སྔོན་དཔག་བྱས་ན་ལོ་མཇུག་ཏུ་གཞི་རྩའི་འཛུགས་སྐྲུན་ལེགས་འགྲུབ་ཐུབ་རྒྱུ་དང་2025ལོའི་ལོ་འགོར་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ལྡན་རྒྱུ་རེད།བསྐྲུན་ཟིན་རྗེས་དེ་དང་ཧྲང་ཧའེ་དང་།ཅི་ལིན།ཤིན་ཅང་།ཡུན་ནན་སོགས་ཀྱི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ས་ཚིགས་དང་དེ་བཞིན་ཧྲང་ཧའེ་VLBIགྲངས་གཞི་ཐག་གཅོད་ལྟེ་གནས་ཀྱིས་ཐུན་མོང་ཐོག་གྲུབ་པའི་ས་ཚིགས་དྲུག་དང་ལྟེ་གནས་གཅིག་གི་ཀྲུང་གོའི་ཆེས་རིང་བའི་རྨང་ཐིག་གི་ཐེ་གཏོགས་ཚད་འཇལ་དྲ་བ་ཞིག་གྲུབ་རྒྱུ་ཡིན་པ་རེད།

ས་མཐོའི་མཐོ་སར་བར་སྣང་གི་མིག་དེ་དག་ལ་བརྟེན་ནས་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་སྐར་ཚོགས་ཀྱི་རྒྱ་མཚོ་ཆེན་པོར་བལྟས་ནས་རྒྱང་རིང་གི་འཇིག་རྟེན་གྱི་གསང་བ་རྒྱུན་ཆད་མེད་པར་ལྟ་ཞིབ་བྱེད་ཀྱི་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-22 6 6 拉萨日报藏文 c191480.html 1 ས་མཐོའི་མཐོ་ས་ནས་སྐར་ཚོགས་ལ་ལྟ་དཔྱད་བྱེད་པ། /enpproperty-->