分享按钮

དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་དཀའ་ངལ་བསལ་བ།

2024ལོའི་དུས་ཐེངས་དགུ་པའི་འགོ་ཁྲིད་གཙོ་བོས་དམངས་ཀྱི་སྐད་ཆར་ཉན་པའི་ བྱེད་སྒོ་བདེ་བླག་ངང་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་20ཉིན་གྱི་སྔ་དྲོ། 2024ལོའི་དུས་ཐེངས་དགུ་པའི་འགོ་ཁྲིད་གཙོ་བོས་དམངས་ཀྱི་སྐད་ཆར་ཉན་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་12345ཐད་སྦྲེལ་ཁ་པར་ལྟེ་གནས་སུ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་འཁུར་བ་གཙོ་བོས་མང་ཚོགས་ཀྱི་ཁ་པར་ཉན་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་ལན་བརྒྱབ་པ། མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་ཐག་གཅོད་བཅས་བྱས་པ་རེད།

སྐུ་ཁམས་བཟང་། འདི་གར་ནི་12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་རེད། ང་ནི་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་ཝང་མན་ཁྲུན་ཡིན། ཁྱེད་ལ་རོགས་རམ་བྱེད་དགོས་པ་གང་ཞིག་ཡོད་ཅེས་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་ཝང་མན་ཁྲུན་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་བསྟན་འཛིན། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་ལྷག་པ་ཚེ་རིང་བཅས་ཀྱིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་ཁོའོ་ཡི་ལས་དོན་པ་ཁྲིད་ནས་མང་ཚོགས་ཀྱིས་བརྒྱབ་པའི་ཁ་པར་ཉན་པ་རེད། ཁ་པར་ཉན་པའི་ཁྱབ་ཁོངས་ནི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་སྲིད་འཛིན་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཛ་དྲག་མིན་པའི་རེ་ཞུ་སྣ་ཚོགས་ཚུད་ཡོད་ཅིང་། དེའི་ནང་སྤྱི་ཚོགས་འགན་སྲུང་དང་། མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུགས་དང་ལས་གཏོད། གླ་ཕོགས་ཆད་འགྱངས་སོགས་ཐད་ཀྱི་བློ་འདྲི་དང་། རོགས་རམས་བྱེད་རོགས་ཞུ་བ། ཞུ་གཏུག ཐེར་འདོན་གོང་ཞུ། བསམ་འཆར་དང་གྲོས་འགོ་བཅས་ཚུད་ཡོད་པ་རེད།

ཁ་པར་ལྟེ་གནས་ནང་ཚང་མས་མང་ཚོགས་ཀྱི་རེ་ཞུ་ནན་ཏན་ངང་ཉན་པ་དང་། བསམ་འཆར་དང་གྲོས་འགོ་ཞིབ་ཚགས་ངང་ཟིན་ཐོར་འགོད་པ། སྲིད་ཇུས་རང་བཞིན་དང་བློ་འདྲིའི་རིགས་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གནད་དོན་ཁག་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པ་དང་། ཁ་པར་ཐོག་ནས་ལན་རྒྱག་ཐབས་བྲལ་བའི་རེ་ཞུ་ཡིན་ཕྱིན་མང་ཚོགས་ལ་སྒྲུབ་ཡུན་ཁ་གསལ་བཟོས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲད་པར་མ་ཟད། ཆེད་མི་བཀོད་སྒྲིག་བྱས་ནས་རྗེས་འདེད་ལས་དོན་དོན་འཁྱོལ་བྱ་རྒྱུ་གཏན་འཁེལ་བྱས་ཡོད།

གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་བསྟན་འཛིན་གྱིས་དེ་རིང་ང་ཚོས་བསྒྲུབ་པའི་ལས་ཀ་གཙོ་བོ་ནི་སྤྱི་ཚོགས་འགན་སྲུང་རིགས་དང་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་པ་གཙོ་བོ་རེད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཕྱིས་འབྱུང་ང་ཚོས་དུས་བཀག་ནང་དུས་ཐོག་ཏུ་ཞིབ་དཔྱད་དང་ཞིབ་བསྡུར་བྱ་རྒྱུ་དང་། འབྲེལ་ཡོད་གོ་རིམ་ལྟར་ཐག་གཅོད་བྱ་རྒྱུ་མ་ཟད། གཏན་འབེབས་ཀྱི་དུས་ཚོད་ནང་ལས་ཀ་ཚང་མ་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ད་ཐེངས་ཀྱི་འགོ་ཁྲིད་གཙོ་བོས་དམངས་ཀྱི་སྐད་ཆར་ཉན་པའི་བྱེད་སྒོའི་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་སྤེལ་ཞིང་། དེའི་རིང་མང་ཚོགས་35ཡི་ཁ་པར་འབྱོར་ནས་དྲ་ཐོག་ཏུ་གནད་དོན་23ཐག་གཅོད་བྱས་པ་དང་། གནད་དོན་12བསྒྲུབ་རྒྱུར་རྩིས་སྤྲད་ཡོད། དེ་རྗེས། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས། གྲོང་ཁྱེར་12345ཐད་སྦྲེལ་ཁ་པར་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཡུལ་དངོས་སུ་མང་ཚོགས་ཀྱི་རེ་ཞུ་སྒྲུབ་གཉེར་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་སྔར་བས་བརྟག་དཔྱད་ཞིབ་བསྡུར་བྱེད་དགོས་པའི་གནད་དོན་ལ་གསེད་བཀྲོལ་དང་མཐུན་སྦྱོར་ནན་ཏན་བྱས་ཏེ་གནད་དོན་ཚང་མར་ལན་ཡོད་པ་དང་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-22 དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་དཀའ་ངལ་བསལ་བ། 6 6 拉萨日报藏文 c191473.html 1 2024ལོའི་དུས་ཐེངས་དགུ་པའི་འགོ་ཁྲིད་གཙོ་བོས་དམངས་ཀྱི་སྐད་ཆར་ཉན་པའི་ བྱེད་སྒོ་བདེ་བླག་ངང་སྤེལ་བ། /enpproperty-->