分享按钮

ཞི་ཅིན་ཕིང་གིས་ཧྥ་རན་སེ་དང་། པོ་ལི་ཝེ་ཡ། ཨ་ཀེན་ཐིན། འཇར་མན་བཅས་ཀྱི་སྲིད་འཛིན་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་ནི་རང་བཙན་དང་། རང་ཚུགས་ཐུབ་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དམིགས་བསལ་གྱི་འཐབ་ཇུས་རིན་ཐང་དང་གོ་ལ་ཧྲིལ་པོའི་དོན་སྙིང་ལྡན་ཡོད། འདི་ལོའི་ཟླ་ལྔ་པར་ང་ཚོས་ཀྲུང་ཧྥའི་འབྲེལ་བའི་དུས་རབས་གསར་པར་རྒྱང་ལྟ་བྱས་པ་དང་འབྲེལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་གླེང་མང་བའི་གནད་དོན་ཐད་ཐུན་མོང་ཐོག་རེ་འབོད་བྱས་ཏེ་རྒྱལ་སྤྱིའི་ཐོག་དགེ་མཚན་ལྡན་པའི་ཤུགས་རྐྱེན་རྒྱ་ཁྱབ་ངང་ཐེབས་ཡོད།མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གསར་པ་མང་པོ་བྱུང་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དེ་ནི་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཞིག་རེད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།ཀྲུང་ཧྥའི་འབྲེལ་བ་བརྟན་པོ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཐོ་རིམ་འགྲོ་འོང་མུ་མཐུད་ཟབ་ཏུ་བཏང་ནས་རིག་གནས་དང་། སློབ་གསོ། ས་གནས། གཞོན་ནུ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ།ཀྲུང་ཧྥའི་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་རེས་སྐོར་གསར་པའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་འགོ་བཙུགས་ནས་ཀྲུང་གོ་དང་ཧྥ་རན་སེའི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་དང་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་པོས་རིམ་པ་མཐོ་བའི་དཔལ་འབྱོར་དང་ནོར་སྲིད་དངུལ་རྩའི་གླེང་མོལ་དང་དཔལ་འབྱོར་ཚོང་དོན་མཉམ་འདྲེས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་གང་ལེགས་སྤྱད་དེ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། ལེགས་ཆ་གསབ་རེས་ལ་ཤུགས་སྣོན་རྒྱག་པ། འགལ་བ་ཐག་གཅོད་འོས་འཚམ་བཅས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུའི་རེ་བ་ཡོད།

མ་ཁེ་ལུང་གིས་འདི་ལོའི་ཟླ་བ་ལྔ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ནས་ང་ཚོས་ཐུན་མོང་ཐོག་ཧྥ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་ཡིན། དེང་སྐབས་འཛམ་གླིང་ཐོག་བརྟན་པོ་མིན་པ་དང་ངེས་མེད་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཁེངས་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཐུན་མོང་གི་ངོས་འཛིན་བྱུང་བ་དོན་འཁྱོལ་ནན་ཏན་བྱས་ཏེ་མཐོ་རིམ་འགྲོ་འོང་མུ་མཐུད་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་མུ་མཐུད་རྒྱུན་མཐུད་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་གསར་པ་གཏོད་འདོད་ཡོད། ཧྥ་རན་སེས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་བྱས་ནས་ཕན་ཚུན་བརྩི་འཇོག་གི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་གི་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་པ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-22 6 6 拉萨日报藏文 c191467.html 1 ཞི་ཅིན་ཕིང་གིས་ཧྥ་རན་སེ་དང་། པོ་ལི་ཝེ་ཡ། ཨ་ཀེན་ཐིན། འཇར་མན་བཅས་ཀྱི་སྲིད་འཛིན་དང་མཇལ་འཛོམས་གནང་བ། /enpproperty-->