ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་ལི་ཡ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པར་ཙིར་ལི་ཡར་ཕེབས་ནས་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
ཆེད་གཏོང་གནམ་གྲུ་པར་ཙིར་ལི་ཡའི་མཁའ་དམག་རྟེན་གཞིར་འབྱོར་སྐབས། པར་ཙིར་གྱི་སྲིད་འཛིན་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁོ་སི་ཐ་དང་། པར་ཙིར་ལི་ཡའི་མཁའ་དམག་རྟེན་གཞིའི་དམག་སྤྱི་སྨི་ཀེར། ཁྲིམས་འཛིན་པུའུ་ཀྲང་ལའེ་ཝན་ཏོ་ཕུའུ་སི་ཅི། སྲིད་འཛིན་ལས་ཤག་གི་སྒྲིག་གཞིའི་འབྲེལ་བའི་པུའུ་ཀྲང་ཕ་ཏི་ལི་ཡ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུའི་འབབ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། སྲིད་འཛིན་ལུའུ་ལ་དང་པར་ཙིར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།
པ་ཐ་ལའི་སྒྱུ་རྩལ་མཁས་ཅན་བཅུ་ཕྲག་ཁ་ཤས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་པར་ཙིར་གྱི་ཁྱད་ཆོས་ལྡན་པའི་རྔའི་རོལ་ཆ་དཀྲོལ་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་བཞུགས་ནས་ལྷན་དུ་ཕེབས་འབྱོར་ཟིན་ཡོད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་འབབ་ཐང་ནས་ཁོང་བཞུགས་སའི་གསོལ་མགྲོན་ཁང་དུ་སྐྱོད་པའི་ལམ་བར་དུ་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བཅས་ཀྱི་འཐུས་མིས་འགྲོ་ལམ་གྱི་གཞོགས་གཉིས་སུ་ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་ཞེས་པ་དང་ཀྲུང་པར་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག་ཅེས་པ་སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་ནི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པ་མཇུག་འགྲིལ་རྗེས་ལི་ཡུའེ་རེ་ནེ་ལུའུ་ནས་ཞལ་གྱེས་ཏེ་པར་ཙིར་ལི་ཡར་འབྱོར་ཟིན་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社