ཟླ་11ཚེས་20ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་རྟེན་འབྲེལ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མི་ཐབས་ཀྱི་རིག་ནུས་སོགས་ལག་རྩལ་གསར་པ་འཕེལ་རྒྱས་མྱུར་པོ་བྱུང་ནས་མིའི་རིགས་ཀྱིས་འཛམ་གླིང་ལ་ངོས་འཛིན་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་པ་དང་། དུས་མཚུངས་སྔོན་དཔག་མི་ཐུབ་པའི་ཉེན་ཁ་དང་འགྲན་སློང་རབ་དང་རིམ་པ་འཕྲད་ཡོད། ང་ཚོས་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ནས་གསར་གཏོད་དེ་སྒུལ་ཤུགས་དང་པོར་བརྩི་བ་དང་། བདེ་འཇགས་དེ་མཐའ་ཚད་ཀྱི་བླང་བྱར་བརྩི་བ། ཀུན་ཕན་དེ་རིན་ཐང་གི་དོན་གཉེར་ཞིག་ཏུ་བརྩི་བ་བཅས་བྱས་ཏེ་དྲ་རྒྱའི་བར་མཐོངས་ཀྱི་གསར་གཏོད་འཕེལ་རྒྱས་དང་། བདེ་འཇགས་འཕེལ་རྒྱས། ཀུན་ཕན་འཕེལ་རྒྱས་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། དེ་བས་མཛེས་སྡུག་ལྡན་པའི་གྲངས་འཛིན་འབྱུང་འགྱུར་ཕྱོགས་ལ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社