分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས།

འབྱུང་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྙིང་རུས་བརྟན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་འཛུཊ་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་19ཉིན་གྱི་ཕྱི་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།ཁོང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་རྩ་དོན་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ།འབྱུང་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ།སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་པའི་གདོང་དམག་ཡག་པོ་ཞིག་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཞུས་ཧའེ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་དང་། ལི་ཅང་ཤིན་དང་། འཇམ་དབྱངས་བློ་གྲོས། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ།ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན།མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-22 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས། 6 6 拉萨日报藏文 c191465.html 1 འབྱུང་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྙིང་རུས་བརྟན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་འཛུཊ་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->