ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་མང་ཚོགས་ཀྱི་གཙོ་གནད་ལས་དོན་ལ་སྒྲུབ་སྐུལ་བྱེད་པའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བའི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་དོན་ཁག་བཀོད་སྒྲིག་བྱ་རྒྱུར་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་གཙོ་གནད་གནད་དོན་ལ་ཞིབ་འཇུག་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ཆ་རྐྱེན་མི་ཤོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས་མང་ཚོགས་ཀྱི་གཙོ་གནད་ལས་དོན་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་དགོས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社