分享按钮

(པར་ངོས་དང་པོར་མཐུད)ལྷ་སར་ཆེད་དོན་འཆད་ཁྲིད་དང་། སློབ་ཁྲིད་མཛུབ་ཁྲིད། ལག་རྩལ་འགག་སྒྲོལ་བཅས་བྱས་ཏེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་པའི་རིག་སྟོབས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད།

པེ་ཅིང་གྲོང་ཨུད་རྩ་འཛུགས་པུའི་པུའུ་ལས་དོན་ཨུ་ཡོན་དང་། ཤེས་ལྡན་པའི་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ཡུང་ཅང་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་གཡུ་སྒྲོན་དང་།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་བྱེད་སྒོར་ཞུགས་པར་མ་ཟད།རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པའི་ཁོངས་མིར་གདན་ཞུའི་ཡི་གེ་ཕུལ་བ་རེད།

ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པར་མ་ཟད།གསུང་བཤད་ཀྱང་གནང་བ་རེད།

བྱེད་སྒོ་སྤེལ་རིང་ཧོ་ཡུང་ཅང་གིས་ཤིས་ཚིག་གསུངས་སྐབས། ཁོང་གིས་ཞབས་འདེགས་ཞུ་བར་ཕེབས་པའི་རིགས་གཅིག་མཁས་ཅན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་ལ་གཞིགས་ཏེ་ནུས་ཤུགས་ཡོད་རྒུས་སྔོན་ཐོན་གྱི་འདུ་ཤེས་དང་།ལག་རྩལ།དོ་དམ།ཉམས་མྱོང་བཅས་དེ་བས་མང་བ་བརྒྱུད་སྤྲོད་བྱེད་དགོས་པར་མ་ཟད། ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས་རང་རྟོགས་ངང་བསམ་བློའི་ཞུན་བརྡར་དང་ལེན་དང་།ཏང་གཤིས་བློ་སྦྱོང་མཐོར་འདེགས།ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར། ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཞབས་ཞུའི་ཚན་པ་དང་ཡུན་རིང་གི་འབྲེལ་བ་དང་ཕུགས་ཕན་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་དེ་བས་མང་བ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

ཀྲང་ཏིང་ཁྲེང་གིས།པེ་ཅིང་དང་ལྷ་སའི་དབར་བར་ཐག་ཧ་ཅང་རིང་པོ་ཡོད་མོད། འོན་ཀྱང་རྒྱལ་སའི་མི་དམངས་དང་ལྷ་སའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་གྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད། པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ལྷ་སར་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ།རྒྱལ་སའི་རིགས་གཅིག་མཁས་ཅན་ལྷ་སར་སྐྱོད་ཅེས་པའི་བྱེད་སྒོ་ནི་པེ་ཅིང་གིས་ཁ་གཏད་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་ལྷ་སས་ཤེས་ལྡན་པར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།ད་ལོར་པེ་ཅིང་གྲོང་ཁྱེར་གྱིས་ལྷ་སའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ལག་རྩལ་བྱང་ཆུབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་14བོད་དུ་དུས་ཐུང་སྤེལ་རེས་བྱེད་པར་མངགས་གཏོང་གནང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ལྷག་པའི་ལྷ་སའི་ཞན་ཆ་ཐག་གཅོད་བྱེད་རོགས་བྱས་པ་དེའི་ཐོག་ནས་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་སར་བརྩེ་སེམས་ཟབ་མོ་བཅངས་ལུགས་གང་ལེགས་མཚོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཀྲང་ཏིང་ཁྲེང་གིས།མིག་སྔར་ལྷ་སས་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ། གདོང་དམག་བདུན་ཡག་པོ་བྱེད་པ། རྩ་དོན་ལྔ་ལ་དམ་པོར་དམིགས་པ།འཐབ་ཇུས་ཆེན་པོ་བཞི་ལག་བསྟར་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་དང་།ཁོང་གིས་ལྷག་བསམ་ཟོལ་མེད་ངང་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ལྷ་སར་ཉམས་མྱོང་སྤེལ་རེས་བྱེད་པར་གདན་འདྲེན་ཞུས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་།རིག་གནས་ཡུལ་སྐོར།ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འགག་སྒྲོལ་བྱས་ཏེ་ལྷ་སའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

ཀྲང་ཏིང་ཁྲེང་གིས།ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་ཚན་པས་ལས་ཀའི་ཁྲོད་ཀྱི་དཀའ་གནད་འཚོལ་ཞིབ་ནན་ཏན་བྱེད་པ་དང་།ཐག་གཅོད་བྱེད་དགོས་པའི་ཞིབ་ཕྲའི་གནད་དོན་ཁ་གསལ་བཟོ་བ། རིགས་གཅིག་མཁས་ཅན་དང་སྤེལ་རེས་དང་ཉམས་མྱོང་བསྡུ་ལེན་ཧུར་ཐག་བཅས་བྱས་ནས་དཀའ་གནད་དང་འགག་གནད་ཐུན་མོང་ཐོག་ཐག་གཅོད་བྱེད་དགོས་པར་མ་ཟད།རིགས་གཅིག་མཁས་ཅན་གྱི་ཉམས་མྱོང་དང་བྱེད་ཐབས་དུས་ཐོག་ཏུ་ཕྱོགས་བསྡོམས་དང་།བེད་སྤྱོད།ཁྱབ་གདལ་བཅས་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191438.html 1 /enpproperty-->