(པར་ངོས་གསུམ་པར་མཐུད)དུས་དང་རྣམ་པ་ཀུན་ཏུ་ཡ་རབས་ཀྱི་གུས་ལུགས་ཀྱང་ལག་བསྟར་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།
གཞན་ཡང་། ལུས་རྩལ་ཐང་གི་ཕྱོགས་བཞིར་ཡ་རབས་གསོལ་ཅོག་དང་།ཡ་རབས་གུས་ལུགས་སོགས་གཙོ་དོན་ཁ་གསལ་བའི་འགྲེམས་པང་བསྒྲིགས་ཡོད་པར་མ་ཟད། ད་དུང་ཡིག་གཟུགས་དང་། རི་མོ། ལག་ཤེས་བརྩམས་ཆོས་འགྲེམས་ཁུལ་སོགས་ཀྱང་བཙུགས་ཡོད་པ་དང་། དེས་ཕྲུ་གུ་ཚོས་སྒྱུ་རྩལ་ལ་འཛིན་པའི་བསམ་བློ་དང་མྱོང་ཚོར་གང་ལེགས་མཚོན་ཡོད། ཕྱིས་འབྱུང་། གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་སློབ་གྲྭའི་རིག་གནས་བྱེད་སྒོའི་ཤེས་དཔལ་གཞི་རྒྱུ་སྔར་བས་སྔོག་འདོན་བྱས་ནས། དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། དུས་མཚུངས་སུ་སློབ་གྲྭ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྱད་ཆོས་མངོན་གསལ་དོད་པ་དང་ཤུགས་རྐྱེན་ལྡན་པའི་སློབ་གྲྭའི་རིག་གནས་སྤུས་རྟགས་གཏོད་རོགས་བྱས་ནས་སྒྱུ་རྩལ་སློབ་གསོ་དང་བསམ་པའི་དཔལ་ཡོན་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社