分享按钮

རང་ལྗོངས་ཀྱི་རིག་གནས་འཆད་ཁྲིད་ཆེན་མོ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་ལྗོངས་ཀྱི་རིག་གནས་འཆད་ཁྲིད་ཆེན་མོ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་འགོ་ཚུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་མིང་སྐྱིད་མཚོ་མོས་འཆད་ཁྲིད་གནང་ཡོད།

འཆད་ཁྲིད་བྱ་ཡུལ་དུ་མིང་སྐྱིད་མཚོ་མོས་བོད་ལུགས་གསོ་རིག་གི་བདེ་ཐང་དང་འཕྲོད་སྦྱོར་ཤེས་བྱ། ལག་ལེན་གྱི་ནང་དོན་ལ་དམིགས་ཏེ། བོད་ལུགས་གསོ་རིག་གི་ལོ་རྒྱུས་ཡུན་རིང་དང་བོད་ལུགས་གསོ་རིག་གི་ཁྱོན་ཡོངས་ཀྱི་ལྟ་བ་སོགས་དམིགས་བསལ་གྱི་རིགས་པའི་གཞུང་ལུགས་ནས་ཕུན་སུམ་ཚོགས་པའི་ལག་ལེན་དངོས་ཀྱི་ཐད་བར་དོན་ཟབ་ལ་གོ་བདེ་བའི་ངང་འགྲེལ་བཤད་གནང་བ་དང་། གསན་པ་པོས་ནན་ཏན་ངང་ཉན་པ་དང་ཟིན་བྲིས་བཏབ་པས་ཚང་མས་རྩ་ཆེའི་རིག་གནས་ཤུལ་བཞག་བོད་ལུགས་གསོ་རིག་ལ་ངོས་འཛིན་དང་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་པ་བྱུང་ཡོད། ད་ཐེངས་ཀྱི་བྱེད་སྒོས་བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྤེལ་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མ་ཆོས་དགའ་ཡིས། རྒན་མིང་སྐྱིད་མཚོ་མོའི་འཆད་ཁྲིད་ལས་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ངས་རྒྱུན་དུ་བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པའི་ཞིབ་འཇུག་ཐད་དོ་ཁུར་བྱེད་ཀྱི་ཡོད། ད་ཐེངས་རྒན་ལགས་ཀྱི་འཆད་ཁྲིད་ལས་ང་ལ་བློ་བསྐྱེད་ཆེན་པོ་སྦྱིན་བྱུང་ཞེས་བཤད།

ད་ཐེངས་ཀྱི་བོད་ཀྱི་རིག་གནས་འཆད་ཁྲིད་ཆེན་མོ་དེས་བོད་ལུཊ་གསོ་རིག་གི་ཤེས་བྱའི་མ་ལག་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་སྟེགས་ཀྱི་ནུས་པ་ནུས་ལྡན་འདོན་སྤེལ་བྱས་ནས། བོད་ལུགས་གསོ་རིག་གི“ཉེས་གསུམ་རིག་པ”དང“འབྱུང་ཁུངས་ལྔའི་རིག་པ”སོགས་རྙོག་འཛིང་ཆེ་བའི་རིགས་པའི་གཞུང་ལུཊ་གཞོན་ནུ་མི་རབས་ཁྲོད་དུ་རྒྱུན་མཐུད་ཐུབ་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དགེ་རྒན་བཀྲ་ཤིས་དབྱངས་སྐྱིད་ཀྱིས། རྒན་ལགས་ཀྱིས་འཆད་ཁྲིད་ནང་བོད་ལུགས་གསོ་རིག་ཁྲོད་ཀྱི་བདེ་ཐང་གི་རག་ལས་སའི་རྒྱུ་རྐྱེན་སྐོར་གླེང་ཡོད་པས། ང་ལ་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། སླད་ཕྱིན་གྱི་འཚོ་བའི་ཁྲོད་ངས་ཀྱང་སློབ་མར་བདེ་ཐང་གི་འཚོ་བའི་ཐད་སློབ་གསོ་བརྒྱབ་ནས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191435.html 1 རང་ལྗོངས་ཀྱི་རིག་གནས་འཆད་ཁྲིད་ཆེན་མོ་འགོ་ཚུགས་པ། /enpproperty-->