ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་གཙང་རལ་སློབ་ཆུང་གིས་གཉེར་འགན་འཁུར་བའི“ཡ་རབས་ཀྱི་གུས་ལུགས་ལག་བསྟར་བྱས་ནས། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང”ཞེས་པ་གཙོ་དོན་དུ་བྱས་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དེ་གཉེར་བ་རེད།
ཡུལ་དངོས་སུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་སྟེ། ཕྲུ་གུ་ཚོས་ལག་ཏུ་དར་ཆ་ཆུང་ཆུང་དང་མེ་ཏོག་ཁྱེར་ནས་དགེ་རྒན་གྱི་མཛུབ་ཁྲིད་འོག་གྲལ་སྟར་འགྲིག་པོས་བསྡད་ཡོད། 《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》ཀྱི་བརྗིད་ཉམས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གཙང་རལ་སློབ་ཆུང་དུ་དལ་གྱིས་བསྒྲེངས་བ་དང་། དགེ་སློབ་ཡོངས་རྔམ་བརྗིད་ལྡན་པའི་ངང་ཡར་ལངས་ཏེ། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས། གཙང་རལ་སློབ་ཆུང་གི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དངོས་སུ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སློབ་ཆུང་བསམ་བློ་ཆབ་སྲིད་གཞུང་ལས་ཁང་གི་ཀྲུའུ་རེན་བསྟན་འཛིན་ངག་དབང་གིས། ང་ཚོའི་སློབ་གྲྭས་སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ཡ་རབས་ཀྱི་གུས་ལུགས་ནི་སློབ་མ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཡིན་པས། ནང་དོན་གཏིང་ཟབ་ལ་མི་གསོ་སྐྱོང་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ནས། ཕྲུ་གུ་ཚོས་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་ཡ་རབས་ཀྱི་གུས་ལུགས་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་བྱེད་པ་དང་ཆབས་ཅིག་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་རྒྱུན་འཛིན་བྱས་ཏེ། ཁོང་ཚོའི་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
དེའི་རྗེས་སུ་ཞབས་བྲོ《གངས་ལྷ་མེ་ཏོག》ཅེས་པ་དང་།འཁྲབ་ཚན་ཐུང་གྲས《རྩ་ཆེ་བའི་སློབ་དེབ》སོགས་ངོ་མཚར་ཆེ་བའི་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པས། སྒྱུ་རྩལ་དུས་ཆེན་གྱི་ཡུལ་དངོས་སུ་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པར་མ་ཟད། གཙང་རལ་སློབ་ཆུང་གི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་འགོ་ཡང་ཡག་པོ་ཞིག་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་མ་ཡེ་ཤེས་ལྷ་འཛོམས་ཀྱིས། ངའི་བསམ་པར་དེ་རིང་གི་བྱེད་སྒོར་དོན་སྙིང་ཆེན་པོ་ལྡན་ཡོད་ལ།ཤེས་བྱ་གསར་པ་མང་པོ་ཞིག་ཀྱང་ཤེས་བྱུང་། སླད་ཕྱིན། ངས་ད་ཐེངས་སྦྱངས་པའི་ནང་དོན་དེ་དག་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་ནང་ཁྱབ་པར་བྱས་ཏེ་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་བྱ་རྒྱུ་མ་ཟད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社