ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིངགི་རིག་གནས་དགོངས་པ་ལག་ལེན་ཧུར་ཐག་བསྟར་བ་དང་།རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཚོགས་འདུ་དང་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོཊ་ཆེན་ཐེངས་གསུམ་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱ་ཆེད། ཟླ་11ཚེས་15ཉིན། གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིཊ་མཉམ་འབྲེལ་ལྷན་ཚོཊ་བཅས་ཀྱིས་སྒྲུབ་འགན་འཁུར་བའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི《ལྷ་སའི་སྙན་དབྱངས》ཀྱི་འོས་སྦྱོར་འདུ་ཚོཊ་དང་ལྷ་ས་གྲོང་ཁྱེར་གྱི་ཁག་གཉིས་པའི་གྲོང་མིའི་སོས་དལ་ཁུལ་གྱི་དཔེ་སྟོན་ས་ཚིཊ་ཀྱི་སྒོ་བྱང་སྤྲོད་པའི་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།
རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཕེ་དང་། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའི་ཞོལ་ཡན། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་བཅས་བྱེད་སྒོར་ཞུགས་ཡོད།
བྱེད་སྒོ་དེ་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འབག་དཀར་པོའི་ལྷ་མོ《བཀྲ་ཤིས་ཞོལ་པ》ཞེས་པའི་ཁྲོད་སྤེལ་འགོ་ཚུགས་ཤིང་།དེའི་རྗེས་སུ་བོད་ཀྱི་ཕུལ་བྱུང་གི་གཞོན་ནུ་གཞས་པ་དང་གཞས་མ་གྲགས་ཅན་ཚེ་རིང་ལྷ་མོ་དང་། ནོར་བུ་བསམ་གྲུབ། བསྟན་པ་རྒྱལ་མཚན་སོགས་ཀྱིས《གནས་འདི་ནི་ལྷ་ས་ཡིན》དང་། 《ལྷ་ས》《སྨོན་འདུན》《ལྷ་སའི་ལོ་ངོ་སྟོང》《ཉི་འོད་གྲོང་ཁྱེར》སོགས་སྙན་འཇེབས་ལྡན་པའི་གླུ་གཞས་བཏང་ནས་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི་སྒོ་དབྱེ་དང་ཁོང་ཡངས་ཀྱི་རྣམ་འགྱུར་མངོན་པ་དང་། ཡུལ་དངོས་ཀྱི་ལྟད་མོ་བ་དང་མཉམ་དུ་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་ས་གཞི་དེས་བསྩལ་བའི་ཡིད་དབང་འགུག་ཤུཊ་དང་སེམས་འགུལ་ཚད་མེད་ཐེབས་པའི་རྣམ་པ་མཉམ་སྤྱོད་བྱས་པ་རེད།
ལྟད་མོ་བ་ཅང་ཆིའུ་ཞ་ཡིས། དེ་རིང་རྫོང་རྒྱབ་ཀླུ་ཁང་དུ་ས་གནས་འདི་གའི་གཞས་པ་མང་པོ་ཞིག་གིས་བཏང་བའི་གླུ་གཞས་ལ་ཉན་པས། ཧ་ཅང་དགའ་པོ་བྱུང་།དེའི་ཁྲོད་ནས་གྲོང་ཁྱེར་ལྷ་སའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་བྱུང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱང་ལྷ་སར་ཡུལ་སྐོར་དུ་ཡོང་ནས་ང་ཚོ་བོད་རིགས་སྤུན་ཟླའི་སྤྲོ་སེམས་ཚོར་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
རྫོང་རྒྱབ་ཀླུ་ཁང་རྒན་རྒོན་སྐོར་གཞས་རུ་ཁག་གི་འཁྲབ་སྟོན་པ་བཀྲ་ཤིས་དོན་གྲུབ་ཀྱིས། དེ་རིང་ང་རང་འཁྲབ་སྟོན་པ་ཞིག་ཡིན་པའི་ངོས་ནས་རྫོང་རྒྱབ་ཀླུ་ཁང་དུ《ལྷ་སའི་སྙན་དབྱངས》ཀྱི་འོས་སྦྱོར་འཁྲབ་སྟོན་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕྱི་ཕྱོགས་ལ་ང་ཚོའི་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པའི་ལྷ་ས་དྲིལ་བསྒྲགས་བྱ་རྒྱུ་བྱུང་བར་དེ་བས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག ཚང་མས་ལྷ་ས་གྲོང་ཁྱེར་གྱི་རིག་རྩལ་བྱེད་སྒོའི་ནང་མང་ཙམ་ཞུགས་རྒྱུའི་རེ་བ་ཡོད་ལ། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་རྣམས་ལྷ་སར་ཡོང་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེར་ཤེས་རྟོགས་བྱ་རྒྱུའི་རེ་བའང་ཡོད་ཅེས་བཤད།
བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཀྲུང་ཧྭ་རིག་གནས་སྤྱི་གླིང་དང་། ཇོ་མོ་གངས་དཀར། གླིང་ཕྲན་གཉིས་ཀྱི་འབྱུང་ཁམས་སྤྱི་གླིང་སོགས་ཁག་གཉིས་པའི་གྲོང་མིའི་སོལ་དལ་ཁུལ་གྱི་དཔེ་སྟོན་ས་ཚིགས་20ལ་སྒོ་བྱང་སྤྲད་ཅིང་།དེའི་ཐོག་ནས་ས་གནས་དེ་དག་རང་གྲོང་གི་སྤྲོ་གསེང་ལས་རིགས་རྒྱུན་མཐུད་ཕུན་སུམ་ཚོགས་སུ་དང་སྤྲོ་གསེང་གྲོང་ཁྱེར་གྱི་སྤུས་རྟགས་ཀྱི་ཚད་ཤིང་དུ་གྱུར་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་མང་ཚོགས་ལ་སྣ་མང་ཅན་དང་རིམ་པ་མཐོ་བའི་ཡུལ་སྐོར་སྤྲོ་གསེང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་དང་། རིག་གནས་གསར་རྩོམ་འགྲེམས་ཚོང་། ཡིག་གཟུགས་གསར་རྩོམ། དེ་བཞིན་རང་བྱུང་གི་རོལ་དབྱངས་ཉན་པ་སོགས་རིག་གནས་ཀྱི་དམངས་ཕན་དང་བླངས་ཞབས་ཞུའི་ས་ཚིགས་མང་པོ་བཙུགས་ཡོད་པས། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ལྟད་མོ་བའི་དགའ་བསུ་ཡང་ཐོབ་ཡོད། བྱེད་སྒོ“ལྷ་སའི་ཡོངས་བསྒྲགས”དང་།“ལྷ་སའི་མཉམ་འདྲེས་སྨྱན་སྦྱོར”གྱི་སྐད་འཕྲིན་བརྙན་ལམ་སྟེགས་བུ།“ལྷ་སའི་མཉམ་འདྲེས་སྨྱན་སྦྱོར”གྱི་འཁྱུག་དབྱིངས་སྟེགས་བུ། མགྱོགས་འཕྲིན་སྟེགས་བུ་བཅས་བརྒྱུད་དྲ་ཐོག་ཏུ་ཐད་གཏོང་བྱས་པ་རེད། ཐད་གཏོང་མཇུག་འགྲིལ་རྗེས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཁག་གི་ཐད་གཏོང་དང་དེ་བཞིན་དྲ་རྒྱའི་བརྗོད་གཞིར་དོ་ཁུར་བྱེད་ཚད་མི་ཐེངས་ཁྲི་210ལྷག་ཙམ་ཟིན་པ་དང་། མོས་བསྟོད་བྱེད་ཚད་མི་ཐེངས་ཁྲི་48.7ཟིན་པ། དཔྱད་གཏམ་ཁག་3400ལྷག་ཙམ་ཟིན་པ། ལས་སྟེགས་ཁག་ཏུ་དོ་ཁུར་བྱེད་མཁན་492མང་དུ་ཕྱིན་པ་བཅས་བྱུང་ཡོད་པར་མ་ཟད། ཡུལ་དངོས་སུ་རིགས་ཁག་གི་རིག་གནས་གསར་གཏོད་ཐོན་རྫས་བཙོངས་པར་སྒོར་ཁྲི་6.1ལྷག་ཙམ་ཟིན་ཡོད། (པདྨ་རྒྱལ་དང་བྱམས་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社