分享按钮

ལྷ་ས་གྲོང་ཁྱེར་གྱི་སོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་རིག་གཞུང་སྤེལ་རེས་ བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་19ཉིན། ལྷ་ས་གྲོང་ཁྱེར་གྱི་སོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་རིག་གཞུང་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷ་སའི་གནས་ཚང་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

གྲོང་སྤྱི་གཞོན་པ་བློ་བསྟན་འགོ་ཚུགས་མཛད་སྒོར་ཕེབས་ཡོད།

ད་ཐེངས་ཀྱི་རིག་གཞུང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུའི་གཙོ་དོན་ནི་ལག་རྩལ་གཙོ་བོར་བཟུང་ནས་སོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྤེལ་རེས་དང་བཞུགས་མོལ་བྱས་པ་བརྒྱུད། ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱེད་པ་དང་། སོན་ལས་འཕེལ་རྒྱས་ཀྱི་ཐོན་ལས་གསར་པ་དང་། བྱེད་སྟངས་གསར་པ། སྒུལ་ནུས་གསར་པ་བཅས་འཚོལ་ཞིབ་བྱེད་པ། སོན་ལས་ཀྱི་ལྟེ་བའི་རྒྱུ་རྐྱེན་མཐོ་རུ་གཏོང་བ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་གྲོང་གི་སོན་ལས་ཀྱི་ཐོན་སྐྱེད་ནུས་ཤུཊ་གསར་མའི་ཕྱོཊ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཐོག སོན་ལས་ཀྱི་ཐོན་སྐྱེད་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་རེད།

ད་ཐེངས་ཀྱི་རིག་གཞུང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་དེ་ཟླ་11ཚེས་21ཉིན་བར་འཚོག་རྒྱུ་དང་། དུས་ཡུན་ཉིན་གསུམ་ནང་ཞིང་ལས་དང་གྲོང་གསེབ་པུའུ་ནན་ཅིང་ཞིང་ལས་འཕྲུལ་ཆས་སུའོ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་སོགས་ཚན་པ་ནས་ཡོང་བའི་ཆེད་ལས་མཁས་པས་སོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པར་དམིགས་ནས་ཆེད་དོན་འཆད་ཁྲིད་དང་སྙན་ཞུ་འབུལ་རྒྱུ་ཡིན་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191430.html 1 ལྷ་ས་གྲོང་ཁྱེར་གྱི་སོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་རིག་གཞུང་སྤེལ་རེས་ བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->