分享按钮

གྲོང་ཨུད་ནོར་སྲིད་དཔལ་འབྱོར་གཞུང་ལས་ཁང་གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་ གསོ་སྦྱོང་ཐེངས་གཉིས་པ་གཉེར་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་15ཉིན།ལྷ་ས་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་གསོ་སྦྱོང་ཐེངས་གཉིས་པ་གཉེར་ཞིང་། བྱེད་སྒོ་དེ་ཡུལ་དངོས་སུ་གཅིག་སྡུད་སློབ་ཁྲིད་དང་PPTབརྒྱུད་ནས་འགྲེལ་བཤད་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་སྤེལ་བ་རེད། གཞུང་ཁོངས་ཁེ་ལས་40ལྷག་ཙམ་དང་། དམངས་གཉེར་ཁེ་ལས་10ལྷག་ཙམ། དེ་བཞིན་འབྲེལ་ཡོད་ཚན་པ་ཁག་གི་ལས་དོན་པ་བཅས་ཁྱོན་མི་80ལྷག་ཙམ་གསོ་སྦྱོང་ནང་ཞུཊ་ཡོད།

ད་ཐེངས་ཀྱི་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་ནང་དོན་ཕུན་སུམ་ཚོགས་ལ་དགོས་མཁོ་ཆེ་བ་ཤ་སྟག་རེད། ཀྲུང་གོ་བཟོ་ཚོང་དངུལ་ཁང་དངུལ་རྩའི་ལས་སྒོ་པུའི་ལས་དོན་པ་ཏུང་ཡུང་ཆང་གིས་བཟོ་ཚོང་དངུལ་ཁང་གི་མཇུག་རྩིས་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ནང་དོན་ལ་དམིགས་ནས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ་རྒྱུན་གཏན་གྱི་མཇུག་རྩིས་སོགས་ཐད་ཀྱི་ཁེ་ལས་ཀྱི་ལེགས་ཆ་དང་བཀོལ་སྤྱོད་ཀྱི་གཙོ་གནད་སྔར་བས་གསལ་པོ་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་བཟོ་ཚོང་དངུལ་ཁང་སིལ་ཚོང་ལས་སྒོ་པུའི་ལས་དོན་པ་ཀྲང་ཡུན་གྱིས་དེང་སྐབས་ཀྱི་སྐྱེད་ཚད་དམའ་བའི་རྣམ་པར་དམིགས་ནས་ཁེ་ལས་ཀྱི་འཐུས་མི་ཚོར་མི་སྒེར་གྱི་རྒྱུ་ནོར་དོ་དམ་དང་དེ་བཞིན་རྒྱུ་ནོར་འཕར་ཐང་གི་ནུས་ལྡན་ཐབས་ཇུས་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་མི་སྒེར་དང་དེ་བཞིན་ཁེ་ལས་ཀྱིས་ལུགས་མཐུན་ངང་རྒྱུ་ནོར་འཆར་འགོད་བྱེད་པའི་བསམ་ཕྱོགས་མཁོ་འདོན་བྱས་པ་རེད། ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་དངུལ་རྩའི་ལས་སྒོ་པུའི་ལས་དོན་པ་ཀྲང་ལི་ཝུན་གྱིས་རྒྱལ་སྤྱིའི་མཇུག་རྩིས་དང་ཚོང་དོན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཐོན་རྫས་ངོ་སྤྲོད་ཐད་འགྲེལ་བཤད་བརྒྱབ་ནས་ཕྱི་ཕྱོགས་སུ་ཚོང་དོན་ལས་སྒོ་ཡོད་པའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན་རིན་ཐང་ཆེན་པོ་ལྡན་པས་དེས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ་དང་ཚོང་དོན་གྱི་མ་དངུལ་བསྡུ་སྒྲིལ་དང་བཀོད་སྒྲིག་ལེཊ་སུ་གཏོང་རྒྱུར་ཕན་ཐོཊ་ཡོད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བསླུ་འགོག་ལྟེ་གནས་དྲིལ་བསྒྲགས་ཚོགས་ཆུང་གི་ལས་དོན་པ་ལི་ཏུང་ཁྲོན་གྱིས་ཁ་བསླུས་ལ་དོགས་ཟོན་བྱ་རྒྱུ་དེ་རང་ཉིད་ནས་འགོ་འཛུགས་དགོས་ཞེས་པའི་གཙོ་དོན་ལ་དམིགས་ཏེ།དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཚང་མར་བསླུ་འགོག་ཤེས་བྱ་མཉམ་སྤྱོད་བྱས་ཏེ་ཚང་མས་རང་ཉིད་ཀྱི་རྒྱུ་ནོར་ལ་སྲུང་བའི་བསླུ་འགོག་འདུ་ཤེས་ཟབ་ཏུ་བཏང་བ་རེད། ད་དུང་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཀུང་སིའི་དངུལ་རྩ་པུའི་ལས་དོན་པ་མོང་ཡུས་ཆན་གྱིས་ཀྱང་ཁེ་ལས་ཀྱི་ལོ་ཕོགས་དང་ལས་བཟོ་བའི་ཕན་བདེའི་ཕྱོགས་ནས་ཁེ་ལས་ཁག་ལ་ཇི་ལྟར་བྱས་ནས་ཕན་བདེ་འཐུས་ཚང་དུ་བཏང་བ་བརྒྱུད་ཤེས་ལྡན་པའི་ཡིད་དབང་དེ་བས་ལེགས་པའི་སྒོ་ནས་བཀུག་པ་དང་གནས་ཐུབ་པའི་སྐོར་བཤད་པ་རེད། གསོ་སྦྱོང་འདུ་ཚོགས་དེ་ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཀུན་ཕན་དངུལ་རྩའི་བྱ་གཞག་པུའི་ལས་དོན་པ་ཏོན་ཅེ་ཡིས་འཚོགས་པའི་དངུལ་རྩས་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ་ཞེས་པ་གཙོ་དོན་དུ་བྱས་པའི་སློབ་ཁྲིད་ཁྲོད་མཇུག་འགྲིལ་བ་དང་།དངུལ་རྩའི་ཞབས་ཞུས་ཁེ་ལས་ཀྱིས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱང་ལྟ་བྱེད་པ་སོཊ་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ད་ཐེངས་ཀྱི་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་ནང་ཞུགས་མཁན་ཚོས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དངུལ་རྩའི་ཤེས་བྱ་དེ་དག་གིས་སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ནུས་པ་གལ་ཆེན་ཐོན་རྒྱུ་དང་།གྲོང་ཨུད་ནོར་དཔལ་གཞུང་ལས་ཁང་གིས་སླད་ཕྱིན་བྱེད་སྒོ་འདིའི་རིགས་མུ་མཐུད་ནས་གཉེར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191429.html 1 གྲོང་ཨུད་ནོར་སྲིད་དཔལ་འབྱོར་གཞུང་ལས་ཁང་གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་ གསོ་སྦྱོང་ཐེངས་གཉིས་པ་གཉེར་པ། /enpproperty-->