(པར་ངོས་དང་པོར་མཐུད)དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་སྐབས་གསར་པར་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་མོ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་ལ་འཛིན་པའི་ལྟ་སྟངས་འདྲ་པོ་ཡོད་ལ་འདུ་ཤེས་ཀྱང་འདྲ་པོ་ཡོད། ཚང་མས་ཀུན་ཕན་དང་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་སྦྱིན་འདོད་ཡོད།
ཤིན་པའོ་མུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཞལ་ཚོར་བྱུར་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྱིས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གནང་བར་ངས་རྦད་དེ་མོས་མཐུན་ཡོད། མོ་ཀྲུང་རྒྱལ་ཁབ་གཉིས་དབར་བར་ཐག་རིང་པོས་ཆོད་ཀྱང་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། ཀྲུང་གོའི་ཁེ་ལས་མང་པོས་མོ་ཞི་ཁོར་ལས་སྒོ་སྤེལ་བའི་ནང་མོ་ཞི་ཁོ་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ཚུད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོར་རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ལྷག་བསམ་ཟོལ་མེད་ངང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་དཔང་པོ་ནུས་ལྡན་ཞིག་རེད། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ནང་ཞུགས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社