分享按钮

ཞི་ཅིན་ཕིང་གིས་མོ་ཞི་ཁོའི་སྲིད་འཛིན་ཤིན་པའོ་མུའུ་དང་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་གཡོད་རེ་ནེ་ལུའུ་རུ་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་མོ་ཞི་ཁོའི་སྲིད་འཛིན་ཤིན་པའོ་མུའུ་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་ཤིན་པའོ་མུའུ་མོ་ཞི་ཁོའི་ལོ་རྒྱུས་ཐོག་གི་བུད་མེད་སྲིད་འཛིན་དང་པོར་གྱུར་པར་སླར་ཡང་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། ཞི་ཅིན་ཕིང་གིས་གསུངས་དོན། 2013ལོར་ངས་མོ་ཞི་ཁོར་འཚམས་འདྲི་བྱེད་མྱོང་བས་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་བཞག་བྱུང་། ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ལ་ལོ་རྒྱུས་ཡུན་རིང་གི་མཛའ་གྲོགས་ཀྱི་སྲོལ་རྒྱུན་ལྡན་ཡོད་པས། ཕྱོགས་གཉིས་པོས་མུ་མཐུད་ནས་སྤེལ་རེས་བྱ་རྒྱུ་ཟབ་ཏུ་བཏང་ནས་མཛའ་མཐུན་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་ཚད་མཐོའི་གསབ་རེས་རང་བཞིན་ལེགས་པར་སྤྱད་དེ།(པར་ངོས་གཉིས་པར་གཟིཊ)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191425.html 1 ཞི་ཅིན་ཕིང་གིས་མོ་ཞི་ཁོའི་སྲིད་འཛིན་ཤིན་པའོ་མུའུ་དང་མཇལ་འཕྲད་གནང་བ། /enpproperty-->