分享按钮

ཤའོ་ཡིའུ་ཚའེ་ཡིས་བར་སྐོར་གནའ་གྲོང་དུ་བརྟག་ཞིབ་གནང་སྐབས།

ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་གནའ་གྲོང་དོ་དམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་གསུངས་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་18ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བར་སྐོར་གནའ་གྲོང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ནན་གསུངས་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་བླང་བྱ་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་ཁ་གསལ་བཟོ་བ་དང་ལས་ཀའི་མཉམ་ཤུཊ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། (པར་ངོས་བཞི་པར་གཟིགས)

པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་བར་སྐོར་གནའ་གྲོང་དུ་གནའ་གྲོང་སྲུང་སྐྱོང་དང་དོ་དམ། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་སྤེལ་ཚུལ་ཐད་མཁྱེན་རྟོགས་གནང་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 ཤའོ་ཡིའུ་ཚའེ་ཡིས་བར་སྐོར་གནའ་གྲོང་དུ་བརྟག་ཞིབ་གནང་སྐབས། 6 6 拉萨日报藏文 c191424.html 1 ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་གནའ་གྲོང་དོ་དམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->