ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་19ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་།བཅོས་སྒྲིག་ལས་དོན་གྱི་སྙན་ཞུར་གསན་པ་དང་། ལྷག་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད། ཕྱིས་འབྱུང་གི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན།མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་མཐའ་འཁྱོངས་ཀྱིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་བཅོས་སྒྲིག་གི་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ།བདེ་འཇགས་ངང་ཤར་བགྲོད་དང་། ཤེས་དཔལ་དང་གོ་རིམ་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་སྐྲུན་ཤུགས་ཆེ་རུ་བཏང་ནས་ཤེས་དཔལ་དང་ཞི་མཐུན་ལྡན་པའི་ལྷ་ས་བསྐྲུན་རྒྱུར་རམ་འདེགས་ནུས་ལྡན་བྱེད་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ལི་ཅང་ཤིན། འཇམ་དབྱངས་བློ་གྲོས། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཕེབས་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན།འཕྲུལ་སྒུལ་མིན་པའི་འཁོར་རིགས་ལ་བཅོས་སྒྲིག་བྱ་རྒྱུ་དེ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། གྲོང་ཁྱེར་གྱི་ཤེས་དཔལ་དང་ཞི་མཐུན་གྱི་རྣམ་པ་དང་ཡང་འབྲེལ་བ་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། གནད་དོན་ལ་ཐད་ཀར་དམིགས་པ་དང་ཞན་ཆ་ཡང་དག་འཚོལ་བ། ཕྱོགས་བསྡུས་ཇུས་འདོན་དང་གནད་སྨིན་ཤུཊ་འདོན་བཅས་བྱས་ཏེ།འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་སྟེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社