分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིར་ ཡིག་བསྐུར་ངོ་བཅར་ཞུ་མཁན་ལ་སྣེ་ལེན་ཞུ་བའི་ལས་དོན་སྤེལ་བ།

(པར་ངོས་དང་པོར་མཐུད)གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས། གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སི། བོད་ལྗོངས་ལིན་ཧྥུང་ཁེ་ལས་ཚོགས་པ་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་ཡིག་བསྐུར་ངོ་བཅར་གྱི་དོ་བདག་རྣམས་ད་རེས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།

ངོ་བཅར་དང་ལེན་ཞུ་རིང་།ཀྲའོ་ཧུའེ་ཉན་གྱིས་ཡིག་བསྐུར་ངོ་བཅར་ཞུ་མཁན་གྱི་རེ་ཞུ་ནན་ཏན་ངང་གསན་པ་དང་། ཡིག་བསྐུར་ངོ་བཅར་གྱི་གྱོད་གཞིའི་འབྱུང་རྐྱེན་མཁྱེན་རྟོགས་ཞིབ་ཕྲ་གནང་བ། གནད་དོན་གྱི་འགག་རྩར་གསེད་དཀྲོལ་དང་དབྱེ་ཞིབ་ནན་ཏན་བྱས་པ། ལས་ཀའི་འགག་གནད་དང་དཀའ་གནད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཏེ།འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་བ་དང་འབྲེལ་ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་ལ་དམིགས་ཏེ།སྡེ་ཚན་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་འབྲེལ་འགན་འཁྲི་གཙོ་བོ་འཁུར་མཁན་གྱི་འབྲེལ་གཏུགས་བྱེད་སྟངས་ཡོངས་བསྒྲགས་བྱས་ནས་ཡིག་བསྐུར་ངོ་བཅར་བྱེད་མཁན་མང་ཚོགས་ཀྱིས་གནད་དོན་གོང་ཞུ་དང་རོགས་རམ་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས། མུ་མཐུད་དུ་རྗེས་འདེད་ཐག་གཅོད་བྱེད་དགོས་རིགས་ལ་ཁྲིམས་མཐུན་ལུགས་མཐུན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་བཅངས་ནས་ལས་ཆོད་ཆེ་ལ་འོས་འཚམ་གྱི་སྒོ་ནས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས།ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། དམངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ལས་དོན་གལ་ཆེན་ཞིག འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་བཅས་རེད། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། ལས་དོན་སྡེ་ཚན་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱི་དཀའ་ངལ་དང་།འཕྲལ་མཁོ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་དུས་མཚུངས་འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགལ་བ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་གྲལ་བཤེར་དང་ཐག་གཅོད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

དེའི་རྗེས་སུ་འཚོགས་པའི་ཚོགས་འདུའི་ཐོག་ད་དུང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ལས་དོན་སྙན་ཞུ་གསན་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191382.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིར་ ཡིག་བསྐུར་ངོ་བཅར་ཞུ་མཁན་ལ་སྣེ་ལེན་ཞུ་བའི་ལས་དོན་སྤེལ་བ། /enpproperty-->