分享按钮

འཐབ་ཇུས་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་པོ་དང་ ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ།

འཐབ་ཇུས་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་པོ་དང་

ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)ལག་བསྟར་གཏིང་ཟབ་བྱས་ཏེ། རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་དང་། ཁོར་ཡུག་རྣམ་པའི་སྒྲིག་ལམ། འཕེལ་རྒྱས་ཀྱི་ཁོར་ཡུག་བཅས་སྤྱི་ཡོངས་ནས་ལེགས་བཅོས་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན། ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་བཅོས་སྒྲིག་གི་ནང་དོན་ཞིབ་ཚགས་སུ་བཏང་བ་དང་། གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། གནད་སྨིན་ཁྲིམས་འཛིན་ཞིབ་བཤེར་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་བས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་ལ་ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

ཧྥེ་ཚུའེ་དབན་ཁུལ་ཆུང་དུ་གསར་འགོད་པས་མི་ཚོགས་མང་ཙམ་ཡོད་པའི་རྒྱལ་སྒོའི་མདུན་དུ་དྲ་མིག་པའི་མིང་དང་། འབྲེལ་གཏུག་བྱེད་ཐབས། པར་སོགས་ཆ་འཕྲིན་བཀོད་ཡོད་པའི་སོལ་རླངས་ཀྱི་དྲ་མིག་པའི་འབྲེལ་གཏུགས་གཱ་སྦྱར་ནས་མང་ཚོགས་ཀྱིས་འབྲེལ་གཏུགས་བྱེད་པར་སྟབས་བདེ་བསྐྲུན་ཡོད། གཞན་ཡང་ད་དུང་དྲོད་རླངས་ཀུང་སིའི་ཐད་སྦྲེལ་ཁ་པར་དང་རང་བྱུང་སོལ་རླངས་ཀྱི་རླངས་ཤོར་ཐེར་འདོན་བྱ་དགའི་ཁ་པར་སྦྱར་ཡོད་པས་དམངས་ཡོངས་ཀྱི་ལྟ་སྐུལ་ནུས་པ་སྔར་བས་འདོན་སྤེལ་ཐུབ་ཡོད་པ་མཐོང་བྱུང་།

ཁུལ་ཆུང་དེ་གའི་ཧུའུ་ཞའོ་ཡན་གྱིས་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་ང་ཚོའི་ཁུལ་ཆུང་གི་སྒོ་འགྲམ་དུ་འབར་རླངས་ཀྱི་དྲ་མིག་པའི་འབྲེལ་གཏུགས་གཱ་སྦྱར་ནས་ཆ་འཕྲིན་ཤར་གཏོང་གི་ཐབས་ལམ་བཏོད་ཡོད། ཐབས་ལམ་དེས་གྲོང་མིའི་འབར་རླངས་ཀྱི་རེ་ཞུའི་གནད་དོན་མང་པོ་ཐག་གཅོད་ཐུབ་ནས་ཁུལ་ཆུང་གི་རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན་བཅས་ལ་ལྟ་རྟོག་ཐུབ་པར་མ་ཟད། ད་དུང་ཁུལ་ཆུང་གི་གྲོང་མིའི་འབར་རླངས་ཀྱི་བདེ་འཇགས་འགན་ལེན་ཐུབ་པས་ང་ཚོ་བློ་ཡིད་ཚིམས་པོ་བྱུང་ཞེས་བཤད།

ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གི་ཁོངས་གཏོགས་ཚན་པ་ཞིག་ཡིན་པའི་ངོས་ནས་ཀུང་སིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་པ་དང་། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་དམིགས་ཚད་ལ་དམ་པོར་དམིགས་པ། ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁྱབ་གདལ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ལས་སྒོ་མཉམ་འདྲེས་ཀྱིས་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་དམིགས་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་རྣམ་པ་རྒྱུན་མཐུད་ངང་གསར་གཏོད་བྱེད་པ། ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ཏང་འཛུགས་སྐྱོང་གིས་དྲ་མིག་ཆུང་ངུར་ཁྲིད་སྟོན་བྱེད་པ་དང་། ཕན་ནུས་ཆེན་པོའི་བཅོས་སྒྲིག་བྱེད་ཐབས་ལག་ལེན་བསྟར་བ། གྲོང་ཁྱེར་ས་ཁོངས་ཀྱིས་ཁུལ་ཆུང་ངམ་ཡང་ན་བཟོ་ཚོང་ལས་རིགས་སྤྱོད་མཁན་ཚན་པར་བྱས་ནས་དྲ་མིག་དབྱེ་བ་དང་ཆེད་ལས་དྲ་མིག་དོ་དམ་པ་2བཀོད་སྒྲིག་བྱས་པར་མ་ཟད། འབྲེལ་གཏུགས་གཱ་བཟོས་ནས་དྲ་མིག་ལས་དོན་པའི་ཆ་འཕྲིན་མངོན་གསལ་དོད་སར་སྦྱར་ཏེ། སྟབས་བདེ་བའི་ཞབས་ཞུ་བསྒྲུབས་ཡོད། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་གཞུང་དོན་ཁང་གི་ཏང་དོན་གཙོ་གཉེར་པ་ཧོང་པའེ་རུའེ་ཡིས་མིག་སྔར། གྲོང་ཁྱེར་ཡོངས་ཀྱི་རང་བྱུང་སོལ་རླངས་སྤྱོད་པའི་ཁུལ་ཆུང་1189ལ་དྲ་མིག་པའི་འབྲེལ་གཏུགས་གཱ་སྦྱར་ཡོད། དམངས་འཚོའི་ཁྱབ་ཁོངས་ཀྱི་འགག་རྩའི་བྱ་བ་ཆུང་ངུ་དང་མི་དམངས་མང་ཚོཊ་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་སེམས་ནང་གི་བྱ་བར་དམ་འཛིན་ཞིབ་ཚགས་བྱས་པར་མ་ཟད། ད་དུང་སོལ་རླངས་སྤྱོད་མཁན་གྲོང་མིའི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད།

ཀུང་སིས་ད་དུང་ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱེད་དགོས་པའི་རྩ་དོན་གཞིར་བཟུང་། ཞིབ་ཕྲའི་གནས་ཚུལ་ནས་འགོ་བཙུགས་ཏེ། དོན་དངོས་ལ་ཤུགས་བརྒྱབ་ནས་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། འབར་རླངས་སྒྲིག་ཆས་ཀྱི་གློག་གྱུར་ཅན་གྱི་སྲུང་སྐྱོང་ཕུར་པ་སྒྱུར་བཀོད་རིམ་སྤོར་ལས་དོན་སྤེལ་ནས་བསླངས་པའི་གློག་གྱུར་ཅན་གྱི་སྲུང་སྐྱོང་ཕུར་པ་བཤིག་ནས་མདོང་ལམ་ས་འོག་ཏུ་སྦས་པའི་རྣམ་པའི་སྒྲིག་སྦྱོར་དུ་བསྒྱུར་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་པུའུ་ཡི་ཕུའུ་ཡུས་ཀྱིས་ད་ཐེངས་ཀྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱིས་ས་སྟེང་གི་བར་མཐོངས་གྲོན་ཆུང་ནུས་ལྡན་ཐུབ་པར་མ་ཟད། ད་དུང་ལུགས་མཐུན་ངང་ས་འོག་གི་བར་མཐོངས་སྤྱད་ཡོད། ད་ཆ་མོ་སྣེ་སྲུང་སྐྱོང་ཕུར་པ་ཁྱོན་2500བཙུགས་ཡོད་པ་དང་། མིག་སྔར། 1630བཅོས་སྒྲིག་བྱས་ཟིན་ནས་དེ་བྱིངས་ཚང་མ་བཅོས་སྒྲིག་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཟླ་12པའི་ཟླ་མཇུག་ཏུ་བཅོས་སྒྲིག་ལེགས་གྲུབ་ཡོང་རྒྱུ་རེད།

གྲོང་ཁུལ་ནས་ཐོན་ཏེ། སྣེའུ་ཧའེ་ལེང་ཐེན་ཁྲེང་ཁུལ་ཆུང་དུ་གསར་འགོད་པས་ཁུལ་ཆུང་གི་གློག་གསོག་ཁང་ནང་གློག་སྒུལ་རྐང་འཁོར་ཚང་མ་གྲལ་འགྲིག་པོར་བཞག་ཡོད་པ་དང་། དེའི་ནང་གློག་སྒུལ་རྐང་འཁོར་གྱི་གློག་གསོག་དོ་དམ་ལམ་ལུགས་དང་གློག་སྒུལ་རྐང་འཁོར་ལ་མེ་སྐྱོན་མི་ཐོན་པ་བྱེད་པའི་དྲིལ་བསྒྲགས་ལག་དེབ་སྦྱར་ཡོད་པ་མཐོང་བྱུང་། གློག་སྒུལ་རྐང་འཁོར་ལ་ཁྲིམས་འགལ་ངང་གློག་གསོག་པའི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཁུལ་ཆུང་གི་སྡེ་ལས་ཀྱིས་ཐོག་བརྩེགས་ཁང་པ་དང་བར་ཐག་རིང་བ་མ་ཟད། རྒྱ་ཆེ་བའི་ས་ཁོངས་སུ་གཅིག་སྡུད་ཐོག་གློག་གསོག་པ་དང་གློག་སྒུལ་རྐང་འཁོར་འཇོག་ས་བསྐྲུན་པར་མ་ཟད། སྣེའུ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་གློག་སྒུལ་རྐང་འཁོར་འཇོག་ས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་རིམ་སྤོར་བྱས་ཏེ། 2Gགློག་གསོག་འཕྲུལ་ཆས་དེ་རིག་ནུས་4Gཟོག་འབྲེལ་དྲ་རྒྱའི་གློག་གསོག་མ་ལག་ཏུ་རིམ་སྤོར་བྱས་པ་དང་། རིག་ནུས་གློག་གསོག་ཡོ་བྱད་སྒྲིག་སྦྱོར་བྱས་པ་དང་ཆབས་ཅིག་རང་འགུལ་ཆུ་གཏོར་སྒྲིག་ཆས་དང་། AIདབྱེ་འབྱེད་སྒྲིག་ཆས། མེ་ལྕེའི་དུ་བ་ལྟ་ཞིབ་ཚད་ལེན་སྒྲིག་ཆས། འཕྲལ་སྡོམ་ཆུ་རྫིང་སྒྲིག་སྦྱོར་བཅས་མང་དུ་བཏང་བས་བདེ་འཇགས་ཀྱི་ཉེན་ཁ་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

སྣེའུ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འགན་འཁུར་བ་འཇམ་དབྱངས་རྡོ་རྗེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འཐབ་ཇུས་ལག་བསྟར་བྱས་ཚུན། རུ་ཆེན་གྱིས་རྒྱུན་གཏན་གྱི་ལྟ་སྐུལ་འཐེན་བཤེར་དང་། མཉམ་འབྲེལ་ཞིབ་བཤེར། དྲིལ་བསྒྲགས་བཅས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཁུལ་གྱི་ཚན་པར་བསྐྱོད་དེ་གློག་སྒུལ་རྐང་འཁོར་ལ་ཆེད་དོན་ཞིབ་བཤེར་བྱས་ཡོད། གློག་སྒུལ་རྐང་འཁོར་གཅིག་སྡུད་གློག་གསོག་པ་དང་། འཇོག་ཁུལ། གློག་སྐས་ཚོད་འཛིན་སྒྲིག་ཆས་སོགས་ཀྱི་སྒྲིག་བཀོད་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་འབྲེལ་ཡོད་སྔོན་འགོག་གི་འདུ་ཤེས་ཚད་ལྡན་དུ་བཏང་ཡོད་པ་རེད། རྗེས་མར་རུ་ཆེན་གྱིས་མེ་ཟོན་ལྟ་སྐུལ་གྱི་འགན་འཁྲི་མུ་མཐུད་དོན་འཁྱོལ་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

2023ལོའི་ཟླ་11པའི་ཚུན་དུ། ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་རྩ་བ་ནས་མེད་པར་བཟོ་བ་དང་རྩ་བ་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་ཐོན་སྐྱེད་བདེ་འཇགས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་འགག་སྒྲོལ་བྱ་ཡུལ་དུ་བྱས་ཏེ། རིམ་ཁག་ཚན་ཁག་གིས་ཐོན་སྐྱེད་བདེ་འཇགས་ལས་ཀའི་འགན་འཁྲི་དང་ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་རྩ་དོན་གཞིར་བཟུང་། འབར་རླངས་ཀྱི་བདེ་འཇགས་དང་། མེ་ཟོན་བདེ་འཇགས། འཛུགས་སྐྲུན་ཨར་ལས། རྡོ་སོལ་མིན་པའི་གཏེར་རི་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་དང་འབྲེལ་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་དང་གློག་སྒུལ་རྐང་འཁོར་སོགས་མི་སེར་གྱི་ཉེ་འགྲམ་གྱི་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་དང་འཁོར་སྦྲེལ་ཡོངས་སུ་བཅོས་སྐྱོང་གི་ལས་དོན་སྤེལ་བ་དང་འབྲེལ་གཅིག་སྡུད་ཐོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་གནད་དོན་འབོར་ཆེན་ཞིག་བཅོས་སྒྲིག་དང་མེད་པར་བཟོས་ནས། གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དུས་བབ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད། ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་མོའི་ལས་དོན་ལ་དངོས་ཕན་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་བདེ་འཇགས་ལྡན་པ་དང་བརྟན་ལྷིང་གི་ཁོར་ཡུག་བཏོད་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ཉི་མས་མིག་སྔའི་བར། ཁེ་ལས་ཚན་པ་ཁྱོན་ཁྲི་3ལྷག་ཙམ་ལ་མཐིལ་རྟོགས་གྲལ་བཤེར་བྱས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཁྲི་5.43ལྷག་ཙམ་ཤེས་རྟོགས་བྱུང་བའི་ཁྲོད། གནད་དོན་ཁྲི་5.35ལྷག་ཙམ་ལ་བཅོས་སྒྲིག་བྱས་ཟིན་ནས་བཅོས་སྒྲིག་བྱེད་ཚད་བརྒྱ་ཆ་98.6ཟིན་ཡོད། རྗེས་མར་རྒྱུན་རྣམ་དང་ཕུགས་ཕན་ཅན་གྱི་ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་ཆེད། དུས་འགོའི་ལས་ཀའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་ཞན་ཆ་གསབ་པའི་དགོས་མཁོ་གཞིར་བཟུང་། རིམ་ཁག་ཚན་ཁག་གི་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་རྒྱུན་མཐུད་ངང་ནན་དུ་གཏོང་རྒྱུ་དང་། རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་འགོ་བཙུགས་ཏེ། ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་གི་ལས་ཀའི་ལམ་སྲོལ་ཆགས་པར་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྗེས་སྙེགས་དང་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་པོ་དང་ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191381.html 1 འཐབ་ཇུས་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་པོ་དང་ ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ། /enpproperty-->