分享按钮

མི་རིགས་མཐུན་སྒྲིལ་བུམ་པའི་ཡོངས་ བསྒྲགས་འགྲན་བསྡུར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་17ཉིན། གྲོང་ཁྱེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ཆེད་དོན་ཚོགས་ཆུང་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་། ཚན་པ་མང་པོས་གཞོགས་འདེགས་བྱས་ནས་གཉེར་བའི་མིག་མངས་རྩེ་བ་དང་གྲོགས་པོ་སྒྲིག་པའི་ངོ་མཚར་ཆེ་བའི་མི་རིགས་མཐུན་སྒྲིལ་བུམ་པའི་ཡོངས་བསྒྲགས་འགྲན་བསྡུར་དེ་བོད་ལྗོངས་མིན་ཧྲན་གསོལ་མགྲོན་ཁང་དུ་གཉེར་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་མིག་མངས་དང་། རྒྱལ་སྤྱིའི་མིག་མངས། བོད་ལུགས་རྒྱལ་པོ་རྒྱལ་རྩེད། ཀྲུང་གོའི་མིག་མངས་སོགས་རྣམ་གྲངས་ལྔ་བཀོད་སྒྲིག་བྱས་པར་མ་ཟད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་ལོ་ན་དང་ཕོ་མོའི་དབྱེ་བ་ལྟར་ཚོགས་ཆུང་ལྔ་ལ་དབྱེ་ཡོད། འགྲན་བསྡུར་ནང་སྐར་གསོག་གོ་རིམ་བསྒྲིགས་པ་དང་མཐར་སྤྱིའི་ཐོབ་སྐར་གྱི་ཐོག་ནས་མི་སྒེར་གྱི་ཨང་རིམ་གཏན་འཁེལ་བྱེད་ཀྱི་ཡོད།

འགྲན་བསྡུར་རེ་རེའི་ཁྲོད་དུ་མིག་མངས་ཀྱི་འགྲན་ཞུགས་པ་སོ་སོས་མིག་མངས་ཀྱི་འཐབ་རྩལ་དང་གཟེངས་སུ་ཐོན་པའི་འཇོན་ཐང་གིས་མིག་མངས་འགྲན་ཞུགས་པ་ཚོའི་བརྩི་བཀུར་དང་མཛའ་གྲོགས་ཀྱི་བརྩེ་བ་ཐོབ་པར་མ་ཟད། ཚང་མས་མིག་མངས་རིགས་ཀྱི་རྩལ་འགྲན་གྱི་ཡིད་དབང་འཕྲོགས་ཤུགས་ལ་མྱོར་ཚོར་ཐུབ་པ་བྱུང་ཡོད།

འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་དབང་མོས་ང་ནི་བོད་ལུགས་རྒྱལ་པོ་རྒྱལ་རྩེད་ལ་དགའ་པོ་ཡོད། བོད་ལུགས་རྒྱལ་པོ་རྒྱལ་རྩེད་སྦྱངས་ནས་ལོ་བདུན་འགྲོ་ཡི་ཡོད། སློབ་ཆེན་ནང་ང་ཚོས་ད་དུང་བོད་ལུགས་རྒྱལ་པོ་རྒྱལ་རྩེད་ལ་དགའ་པོ་བྱེད་མཁན་གྱི་ཚོགས་པ་ཞིག་བཙུགས་པ་དང་།ཚོགས་པར་ཁོངས་མི་30ཡོད།ང་ཚོ་མིག་མངས་རིགས་ཀྱི་འགྲན་བསྡུར་སྣ་ཚོགས་ནང་རྟག་ཏུ་ཞུགས་ནས་མི་དེ་བས་མང་བས་ང་ཚོའི་སྲོལ་རྒྱུན་རིག་གནས་ལ་དོ་ཁུར་བྱེད་དུ་འཇུག་གི་ཡོད་ཅེས་བཤད།

ད་ཐེངས་ཀྱི་འགྲན་བསྡུར་ནང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་མིག་མངས་ལ་དགའ་པོ་བྱེད་མཁན་ཁྱོན་120ཞུགས་ཡོད་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་སྐུ་ཞབས་ཐའོ་ལགས་ཀྱིས་མི་རིགས་མི་འདྲ་བའི་བདམས་ཐོན་པ་དང་འགྲན་བསྡུར་བྱས་པ་བརྒྱུད་ཚང་མས་མིག་མངས་ལ་དགའ་ཞེན་བྱེད་པའི་ཚོར་སྣང་བྱུང་བ་མ་ཟད། ཕན་ཚུན་གྲོས་བསྡུར་དང་སྤེལ་རེས་ཀྱང་བྱེད་ཀྱི་ཡོད་པས།ཕན་ཚུན་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན་ནས་མི་རིགས་ཁག་དབར་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱ་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བཤད།

(བསྟན་རྡོར་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་བོད་ལུགས་རྒྱལ་པོ་རྒྱལ་རྩེད་རྩེ་མཁན་བྱིས་པའི་ཚོགས་ཆུང་གིས་འགྲན་བསྡུར་བྱེད་བཞིན་པ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191379.html 1 མི་རིགས་མཐུན་སྒྲིལ་བུམ་པའི་ཡོངས་ བསྒྲགས་འགྲན་བསྡུར་གཉེར་བ། /enpproperty-->