分享按钮

རྔ་ཆེན་གྲོང་མི་ཨུ་ལྷན་གྱིས།

གྲོང་སྲོལ་དམངས་ཆིངས་ཀྱི་སྲོལ་གསར་བཏོད་ནས་ལས་བྱེད་པ་ དང་མང་ཚོགས་ལ་སེམས་སྦྲེལ་ཟམ་པ་བཙུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རྒྱ་ཆེའི་མང་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་གྲུབ་འབྲས་ལ་སྔར་བས་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་།མང་ཚོགས་ཀྱི་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བ། གྲོང་སྲོལ་དམངས་ཆིངས་ཀྱི་ནང་དོན་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱ་ཆེད།ཟླ་11ཚེས་15ཉིན་གྱི་སྔ་དྲོ།རྔ་ཆེན་གྲོང་མི་ཨུ་ལྷན་གྱིས་གཞུང་ལས་ས་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ།ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འཐུས་མི་གདན་དྲངས་ནས་གྲོང་མི་ཨུ་ལྷན་གྱི་ས་ཁོངས་ཁག་གི་ཁོར་ཡུག་འཕྲོད་བསྟེན་ལ་སྐར་མ་རྒྱག་ཏུ་བཅུག་པ་དང་འབྲེལ་ཡུལ་དངོས་སུ་དཔྱད་བརྗོད་ཀྱང་བྱས་པ་རེད།

སྔ་དྲོའི་ཆུ་ཚོད་11ཙམ་ལ་རྔ་ཆེན་གྲོང་ཚོའི་སྒང་སྟོད་ཚོཊ་ཆུང་གི་མང་ཚོཊ་འཐུས་མི་4ཡིས་ལག་ཏུ་སྐར་གྲངས་དཔྱད་བསྡུར་གྱི་རེའུ་མིག་ཁྱེར་ནས་རྔ་ཆེན་གྲོང་མི་ཨུ་ལྷན་གྱི་གཞུང་ལས་ཁུལ་ཁག་གི་སྒྲོག་ཙེ་དང་རྐུབ་སྟེགས་ཐོག་ཐལ་རྡུལ་ཡོད་མེད་དང་། ཤིང་སྡོང་གི་ལོ་མ་སྐམ་པོ་ཡོད་མེད། གསང་སྤྱོད་ཀྱི་ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ལ་རིམ་པ་བཞིན་ཞིབ་བཤེར་བྱས་པ་དང་འབྲེལ་སྐར་མ་བརྒྱབ་སྟེ་དཔྱད་བསྡུར་ཡང་བྱས་ཡོད།

རྔ་ཆེན་གྲོང་ཚོའི་སྒང་སྟོད་ཚོགས་ཆུང་གི་མང་ཚོགས་ཚེ་རིང་དབྱངས་སྐྱིད་ཀྱིས་ཁོར་ཡུག་འཕྲོད་བསྟེན་གྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ཚོགས་འདུ་འཚོགས་པས་ལས་བྱེད་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐུལ་དང་ཕན་ཚུན་སློབ་སྦྱོང་བྱེད་ཐུབ།དེ་རིང་གི་ཞིབ་བཤེར་བརྒྱུད་རིམ་ནང་ང་ཚོས་གྲོང་མི་ཨུ་ལྷན་གྱི་གཞུང་ལས་ས་ཁོངས་སུ་འཕྲོད་བསྟེན་ཡག་པོ་བྱས་ཡོད་པ་ཤེས་རྟོགས་བྱུང་བས་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་འདུག་ཅེས་བཤད།

ཁོར་ཡུག་འཕྲོད་བསྟེན་ལ་གཅེས་སྤྲས་བྱ་རྒྱུ་ནི་རྔ་ཆེན་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་གྲོང་སྲོལ་དམངས་ཆིངས་ནང་གི་ནང་དོན་གལ་ཆེན་ཞིག་ཡིན།ཤེས་དཔལ་སྲོལ་གཏོད་ཀྱིས་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཤེས་དཔལ་སྲོལ་གཏོད་ཁྲོད་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད།ལོ་མང་རིང་།རྔ་ཆེན་གྲོང་མི་ཨུ་ལྷན་གྱིས་གྲོང་སྲོལ་དམངས་ཆིངས་ལག་ལེན་བསྟར་རྒྱུ་དམིགས་ཚད་དུ་བྱས་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བས།མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་དང་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།རྒན་བཀུར་གཞོན་གཅེས་དང་།མཛའ་བརྩེ་མཐུན་སྒྲིལ།འབད་འབུངས་ཡར་བརྩོན་བཅས་ཀྱི་ཤེས་དཔལ་སྲོལ་གཏོད་དེ་རྔ་ཆེན་གྲོང་ཚོའི་གང་ས་གང་དུ་ཁྱབ་ཡོད་པ་རེད།

མང་ཚོགས་ཀྱི་འཐུས་མི་གདན་དྲངས་ནས་གྲོང་མི་ཨུ་ལྷན་གྱི་གཞུང་ལས་ས་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་སྐར་མ་བརྒྱབ་སྟེ་དཔྱད་བསྡུར་བྱས་པ་དེ་ནི་རྔ་ཆེན་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱིས་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བྱེད་པའི་བྱེད་ཐབས་གསར་པ་ཞིག་ཡིན་པ་རེད།རྔ་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་ཆོས་འཛོམས་ཀྱིས་གསར་འགོད་པར་རྔ་ཆེན་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་དེ་སྤྱི་ཚོགས་ཡོངས་ལ་སྒོ་ཕྱེ་བ་དང་།མི་སྣ་འགྲོ་འོང་མང་ཙམ་ཡོད་པར་བརྟེན་གཞུང་ལས་ས་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་པ་ནི་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་ཉམས་འགྱུར་མངོན་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན།མང་ཚོགས་ཀྱི་འཐུས་མི་གདན་དྲངས་ནས་སྐར་མ་རྒྱག་གི་ཡོད།ལས་བྱེད་པ་དང་མང་ཚོགས་ལ་སེམས་སྦྲེལ་ཟམ་པ་བསྐྲུན་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་ཐག་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཅེས་བཤད་བྱུང་།

བསོད་ནམས་ཆོས་འཛོམས་ཀྱིས་རྔ་ཆེན་གྲོང་ཚོའི་ལས་བྱེད་པས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། གྲོང་ཚོ་ཡོངས་ཀྱི་ལས་བྱེད་པས་ལས་དོན་ཧུར་ཐག་བསྒྲུབས་ནས་གྲོང་སྲོལ་དམངས་ཆིངས་ལས་དོན་གྱི་ནང་དོན་དང་ཟུང་འབྲེལ་གྱིས་ཁོར་ཡུག་འཕྲོད་བསྟེན་གཙང་ཕྱགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད།དེ་རིང་མང་ཚོགས་ཀྱི་འཐུས་མི་གདན་འདྲེན་ཞུས་ནས་ཞིབ་བཤེར་དང་སྐར་མ་རྒྱག་པ་དང་།མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པར་ཡང་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད། ཕྱིས་འབྱུང་།ང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་གཙང་ཞིང་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་བཏོད་ནས་དམངས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 རྔ་ཆེན་གྲོང་མི་ཨུ་ལྷན་གྱིས། 6 6 拉萨日报藏文 c191380.html 1 གྲོང་སྲོལ་དམངས་ཆིངས་ཀྱི་སྲོལ་གསར་བཏོད་ནས་ལས་བྱེད་པ་ དང་མང་ཚོགས་ལ་སེམས་སྦྲེལ་ཟམ་པ་བཙུགས་པ། /enpproperty-->