ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་ཆེད།ཟླ་11ཚེས་14ཉིན།ལྷ་ས་གྲོང་ཁྱེར་གྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཚུལ་གྱི་བརྡ་ཁྱབ་བཏང་བ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་བྱས་པ། གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་དུས་མཚམས་རྗེས་མའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ཨུ་ལྷན་གྱི་ཁྲིམས་སྲུང་དང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝང་ཧུའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་བྱས་ཚུན།གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་འཐབ་ཕྱོགས་ཀྱིས་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་དང་། དུས་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ། བརྒྱུད་རིམ་ཧྲིལ་པོར་ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཚུགས་གནས་དེ་བས་མཐོ་བའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། བྱེད་ཐབས་སྔར་བས་ཏན་ཏིག་གི་ཐོག་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གནད་སྨིན་ངང་ལག་བསྟར་བྱེད་དགོས་པ། དེ་བས་ཤུགས་ཆེའི་འགན་འཁྲི་ཁུར་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲི་ནན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་ཀའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དགོས་མཁོར་ཞིབ་འཇུག་དང་བརྡར་ཤ་ཡང་དག་གཅོད་པ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་ཡུལ་ཁོང་དུ་ཡང་དག་ཆུད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་གླེང་མང་བའི་གནད་དོན་དང་མཉམ་འདྲེས་གནད་འཁེལ་ཡོང་བ། ཁྲིམས་ལུགས་ཁྱབ་གདལ་གྱི་ལྷུ་ཚིགས་ཁོང་དུ་ཆུད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་གསར་གཏོད་ཐད་གནད་འཁེལ་ཡོང་བ། ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་གནད་འཁེལ་ཡོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社