ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་13ནས་16ཉིན་བར་ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་སྐབས་བཅུ་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ཡན་ཨན་དུ་བརྟག་ཞིབ་བྱེད་པར་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད། ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་ཀྲང་ཅན་ཤིན་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་དང་ཧྲའན་ཤིས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ལེང་ཝུའེ་དང་། ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་དང་ཁྲུང་ཆིང་གྲོང་ཁྱེར་ཚགས་པར་ལས་རིགས་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཤང་ཙེ་དབྱིན། ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་དང་སི་ཁྲོན་ཞིང་ཆེན་སྲིད་གྲོས་རིག་གནས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སི་ཁྲོན་ཞིང་ཆེན་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་ཕན་མེ། ཡན་ཨན་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀའོ་ཧན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
ཀྲང་ཅན་ཤིན་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཚགས་པར་ལས་རིགས་ཡོངས་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་སྒོར་སྣེ་ཁྲིད་དང་ལས་སྒོར་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ།ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་དུ་འཕེལ་རྒྱས་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།2012ལོ་ནས་ད་བར་ལས་རིགས་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐབས་དགུ་བདེ་བླག་ངང་འཚོགས་པ་དང་།ཡན་ཨན་དུ་འཚོགས་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐབས་བཅུ་པའི་དམིགས་ཡུལ་ནི་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལས་དོན་གྱིས་ཚགས་པར་ལས་རིགས་ལ་བརྒྱུད་རིམ་ལྡན་པའི་འཕོ་འགྱུར་གྱི་ཁྲོད་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྤེལ་རེས་བྱས་ནས་ཤུགས་རྐྱེན་དང་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན་པའི་འཕེལ་ཕྱོགས་གཙོ་བོའི་སྨྱན་སྦྱོར་གསར་པ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད།
ཚོཊ་འདུའི་ཐོག་སྐབས་བཅུ་པའི་ཀྲུང་གོའི་ཚཊ་པར་ལས་རིཊ་མཐུན་ཚོཊ་ཀྱི་ཏང་འཛུཊ་སྐྱོང་ལས་དོན་བཞུཊ་མོལ་ཚོཊ་འདུའི་ཕུལ་བྱུང་དཔྱད་རྩོམ་ཕྱོཊ་བསྒྲིཊ་ལ་བདམས་ཐོན་བྱུང་བའི་འབྲས་བུ་ཡོངས་བསྒྲཊ་བྱས་པ་དང་འབྲེལ་ལག་ཁྱེར་ཡང་སྤྲད་པ་རེད། ཞིང་པའི་ཉིན་རེའི་ཚཊ་པར་ལས་ཁུངས་དང་། ཀྲུང་ཧྭ་མཉམ་ལས་དུས་འཕྲིན་ཚཊ་པར་ལས་ཁུངས། ཧེ་ཧོ་ཉིན་རེའི་ཚཊ་པར་ལས་ཁུངས། ཆན་ཤིས་ལྷོ་ནུབ་ཉིན་རེའི་ཚཊ་པར་ལས་ཁུངས། ཝུའུ་ཤིས་ཉིན་རེའི་ཚཊ་པར་གྱི་ཚཊ་པར་ལས་རིཊ་ཚོཊ་པ། ཆིང་ཏའོ་ཉིན་རེའི་ཚཊ་པར་ལས་ཁུངས་ཀྱི་ཚཊ་པར་ལྟ་ཀློག་དཔྱད་གཞི་སྨྱན་སྦྱོར་ལྟེ་གནས། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཡན་ཨན་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོཊ་ཀྱི་སྨྱན་སྦྱོར་འཐུས་མིས་ཏང་འཛུཊ་སྐྱོང་གི་ནུས་པ་མཐོ་བའི་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་དང་། ཏང་གི་སྨྱན་སྦྱོར་གྱིས་ལང་ཚོའི་ཕུཊ་འདུན་དར་སྤེལ་གཏོང་བ། མཉམ་འདྲེས་མདུན་སྐྱོད་ཀྱིས་དུས་རབས་གསར་པར་སྐྱོད་པ་སོཊ་ཀྱི་ཐད་མཉམ་སྤྱོད་བྱས་པ་རེད། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གོང་འབུལ་ཞུས་པའི་བརྩམས་ཆོས《ཏང་འཛུཊ་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་དང་། མཉམ་འདྲེས་བྱས་ནས་མདུན་སྐྱོད་བྱེད། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་འཛུཊ་སྐྱོང་ལ་བརྟེན་ནས་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་ལྷ་སའི་གཏམ་རྒྱུད་ལེགས་པར་བཤད》ཅེས་པ་དེ་ཕུལ་བྱུང་དཔྱད་རྩོམ་ལ་བདམས་ནས་ཕུལ་བྱུང་དཔྱད་རྩོམ་གྱི་བརྩམས་ཆོས་ཕྱོགས་བསྒྲིགས་ནང་ཚུད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཉེར་འགན་ཁུར་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོཊ་གྲོང་ཁྱེར)21གི་གསར་འགྱུར་ཚན་པ་80ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་ཡོད།
བརྟག་ཞིབ་བྱེད་རིང་ཚོཊ་ཞུགས་འཐུས་མི་100ལྷག་ཙམ་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་དང་། ཝུའུ་ཆི་རྫོང་། ཀྲི་ཏན་རྫོང་། ཧོང་ལིན་རྫོང་བཅས་ཀྱི་ཤང་དང་གྲོང་ཚོ་དང་ཁེ་ལས་ཁག་ཏུ་བསྐྱོད་དེ་པར་རིས་དང་རྩོམ་ཡིག་ཐོག་ནས་ཡན་ཨན་གྱི་དཔལ་འབྱོར་འཕེལ་རྒྱས་དང་། འབྱུང་ཁམས་སྲུང་སྐྱོང་། གསར་བརྗེའི་རིག་གནས་དང་ཡུལ་སྐོར་སོཊ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མངོན་པར་བྱས་པ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社