分享按钮

ལྗོངས་ཡོངས་ཀྱི་དྲ་ཐོག་ཐད་གཏོང་ཚོང་དོན་འགྲན་བསྡུར་ཆེན་མོའི་སྐབས་དང་པོའི་ལྷ་ས་གྲོང་ཁྱེར་གྱི་ཐོག་མའི་འགྲན་བསྡུར་གྱི་འགོ་ཚུཊ་མཛད་སྒོ་འཚོགས་པ།

ཟླ་12ཚེས་13ཉིན་ལྷ་སར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར། སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་སྔར་བས་དྲིལ་བསྒྲགས་དང་འོས་སྦྱོར་བྱ་ཆེད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་མཛུབ་ཁྲིད་བྱས་པ་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་ཐད་གཏོང་ཚོང་དོན་འགྲན་བསྡུར་ཆེན་མོའི་སྐབས་དང་པོའི་ལྷ་ས་གྲོང་ཁྱེར་གྱི་ཐོག་མའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་དེ་སྟོད་ལུང་བདེ་ཆེན་ཆུས་དྲ་ཐོག་ཐད་གཏོང་ཚོང་དོན་རྟེན་གཞིར་འཚོགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཤིས་ཚིག་གསུངས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་འཐུས་མི་དང་དེ་བཞིན་དངོས་ཟོག་མཁོ་འདོན་ཚོང་པའི་འཐུས་མིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད། དེ་རྗེས་བྱེད་སྒོའི་ནང་ཞུགས་མཁན་གྱིས་སྟོད་ལུང་བདེ་ཆེན་ཆུས་དྲ་ཐོག་ཐད་གཏོང་ཚོང་དོན་གྱི་རྟེན་གཞིར་ལྟ་སྐོར་བྱས་ནས་ཐད་གཏོང་སྒྲིག་ཆས་བེད་སྤྱོད་བྱེད་ཐབས་དང་། ཐད་གཏོང་ཁང་གི་བཀོད་སྒྲིག་ཐབས་རྩལ། ཐད་གཏོང་གི་ནང་དོན་ཇུས་འགོད་དང་བཟོ་བ་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ཐད་གཏོང་ཐོན་རྫས་ལ་ལྟ་སྐོར་བྱས་ནས་ཐད་གཏོང་བྱེད་རིང་གི་མཉམ་འགུལ་ལྷུ་ཚིགས་དང་། ཐོན་རྫས་ངོ་སྤྲོད། དེ་བཞིན་ཚོང་གཉེར་གྱི་ཐབས་ཇུས་སོགས་ལ་ཐད་ཀར་རྒྱུས་མངའ་སྔར་ལས་ལྷག་པ་བྱུང་བ་རེད།

ཐེངས་འདིའི་བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་ཐད་གཏོང་ཚོང་དོན་འགྲན་བསྡུར་ཆེན་མོའི་སྐབས་དང་པོའི་ཐོག་མའི་འགྲན་བསྡུར་དེ་ས་ཁུལ(གྲོང་ཁྱེར)ཁག་གི་ཚོང་དོན་ཅུས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་།དུས་ཚོད་ནི་ཟླ་11ཚེས་11ཉིན་ནས་ཟླ་12ཚེས་3ཉིན་བར་ཡིན་ཞིང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་ཉིན་23རིང་བསྟུད་མར་ཐད་གཏོང་དངོས་ཟོག་འཚོང་ཚད་དང་ཕྱོགས་བསྡུས་མཚོན་ཚུལ་དཔྱད་བསྡུར་གྱི་ཚད་གཞིར་བརྩིས་པ་དེའི་ནང་བརྙན་ཐུང་གི་སྤུས་ཚད་དང་། ཐད་གཏོང་གི་སྤུས་ཚད། ཚོང་ཟོག་བཙོངས་པའི་དངུལ་འབོར་སོགས་ཚུད་ཡོད་པ་དང་། ས་ཁུལ(གྲོང་ཁྱེར)གྱི་ཚོང་དོན་ཅུས་རེ་རེ་ཡིས་མི་2ནས་3བར་བདམས་ཏེ་ཟླ་12ཚེས་13ཉིན་ལྷ་སར་སྤེལ་རྒྱུའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། མཐར་གསེར་དང་། དངུལ། ཟངས་བཅས་ཀྱི་རིམ་པའི་བྱ་དགའ་དང་དེ་བཞིན་བོད་ཀྱི་ཐད་གཏོང་བ་དང་བོད་ཀྱི་ཕུལ་བྱུང་ཐད་གཏོང་བ་གཙོ་བོ་སོགས་དཔྱད་འདེམས་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱི་ཐད་གཏོང་ནང་ཞུགས་པའི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་2.25ཟིན་པ་དང་། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དྲ་ཐོག་ཐད་གཏོང་ནང་ཞུགས་པའི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་1.7ཟིན་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 ཟླ་12ཚེས་13ཉིན་ལྷ་སར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་རྒྱུ་ཡིན་པ། 6 6 拉萨日报藏文 c191372.html 1 ལྗོངས་ཡོངས་ཀྱི་དྲ་ཐོག་ཐད་གཏོང་ཚོང་དོན་འགྲན་བསྡུར་ཆེན་མོའི་སྐབས་དང་པོའི་ལྷ་ས་གྲོང་ཁྱེར་གྱི་ཐོག་མའི་འགྲན་བསྡུར་གྱི་འགོ་ཚུཊ་མཛད་སྒོ་འཚོགས་པ། /enpproperty-->