(པར་ངོས་དང་པོར་མཐུད)བློ་མཐུན་ལེང་ཀོང་ལེར་སྙུན་གཞི་ལྕི་པོ་ཕོག་སྐབས་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་།ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་བློ་མཐུན་ལེང་ཀོང་ལེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གཏིང་ནས་འཚམས་འདྲི་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་བཀའ་མངགས་ལྟར་ལི་ཆང་དང་། ཏིང་ཤུའེ་ཞང་། ཧན་ཀྲེང་སོཊ་ཚེས་18ཉིན་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཕེབས་ཏེ་བློ་མཐུན་ལེང་ཀོང་ལེར་ཕེབས་སྐྱེལ་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་འཚམས་འདྲི་ཡང་གནང་བ་རེད།
ཚེས་18ཉིན་གྱི་སྔ་དྲོ། པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོའི་ཚོམས་ཆེན་རྔམ་བརྗིད་ལྡན་ཞིང་མྱ་ངན་ཞུ་བའི་རོལ་དབྱངས་ལྷང་ལྷང་དུ་གྲཊ། ཚོམས་ཆེན་གྱི་སྟེང་དུ་བློ་མཐུན་ལེང་ཀོང་ལེར་ཡིད་ཤིན་ཏུ་སྐྱོ་བའི་ངང་ནས་མྱ་ངན་ཞུ་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། འཕྲེད་འགེལ་སྦྱར་ཡིག་གི་འོག་ཏུ་བློ་མཐུན་ལེང་ཀོང་ལེའི་སྐུ་པར་བཀལ་ཡོད་པ་རེད། བློ་མཐུན་ལེང་ཀོང་ལེ་ཡི་སྐུ་ཕུང་མེ་ཏོག་སོས་པའི་ཁྲོད་དུ་བཞག་ཡོད་པ་དང་། ལུས་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་གཡོཊ་ཡོད།
སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་ལི་ཆང་དང་། ཏིང་ཤུའེ་ཞང་། ཧན་ཀྲེང་སོཊ་མྱ་ངན་ཞུ་བའི་རོལ་དབྱངས་ཁྲོད་གོམ་སྟབས་དལ་པོས་བློ་མཐུན་ལེང་ཀོང་ལེའི་སྐུ་ཕུང་གི་མདུན་དུ་ཕེབས་ནས་གུས་སྟབས་ཀྱིས་ལངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ལེང་ཀོང་ལེའི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་དང་འབྲེལ་བློ་མཐུན་ལེང་ཀོང་ལེའི་ནང་མིར་རེ་རེ་བཞིན་ཕྱག་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོཊ་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་འཚམས་འདྲི་ཟབ་མོ་བརྒྱུད་བསྒྲགས་བྱས་པ་རེད།
ཏང་དང་།རྒྱལ་ཁབ།དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་མྱ་ངན་ཞུས་པ་རེད།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་བློ་མཐུན་ལེང་ཀོང་ལེ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་ཞལ་གྱེས་ཞུ་བར་ཕེབས་ཡོད་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社