分享按钮

ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་པ།

རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་ཡུའེ་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་པ་དང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལུའུ་ལ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་ཡུའེ་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་པ་དང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལུའུ་ལ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

ཆེད་གཏོང་གནམ་གྲུ་ལི་ཡུའེ་རེ་ནེ་ལུའུ་ཡི་ཅ་ལི་ཨང་མཁའ་དམག་རྟེན་གཞིར་འབྱོར་སྐབས། པར་ཙིར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོའི་སྒོ་ནས་ཕེབས་བསུ་ཞུས་ཡོད། པར་ཙིར་མཁའ་དམག་གི་དུང་བརྡ་གཏོང་མཁན་གྱིས་དུང་བརྡ་བཏང་སྟེ་གུས་འདུད་ཞུས་པ་དང་། ས་གདན་དམར་པོའི་གཞོགས་གཉིས་སུ་གུས་ལུགས་དམག་རུ་སྟར་བསྒྲིགས་ཡོད།

ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ཞིང་། པར་ཙིར་སྲིད་གཞུང་དང་པར་ཙིར་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ང་རང་པར་ཙིར་དུ་འཚམས་འདྲིར་ཐེངས་4ཡོང་མྱོང་ཡོད། པར་ཙིར་གྱི་ཉེ་བའི་ལོ་30ཡི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ལ། སྤྲོ་སྣང་གིས་ཕྱུག་པའི་ས་གཞི་འདིའི་ཐོག་སླར་ཡང་ཡོང་རྒྱུ་བྱུང་བས་ང་ལ་སྙིང་ཉེ་བའི་ཚོར་བ་དེ་བས་ཆེ་བ་བྱུང་།ཀྲུང་གོ་དང་པར་ཙིར་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་ཡག་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་རོགས་ཟླ་ཡག་པོ་ཡིན། སའི་གོ་ལའི་ཤར་ཕྱེད་དང་ནུབ་ཕྱེད་ཀྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས་ཀྲུང་གོ་དང་པར་ཙིར་གཉིས་ཀྱི་དབར་རྒྱ་མཚོ་ཆེན་པོས་བཅད་ཀྱང་ཕན་ཚུན་དབར་ཡིད་དབང་འགུག་ཤུགས་ཆེ་ལ་ཕན་ཚུན་རམས་འདེགས་ཀྱང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་ཆོས་རིག་གནས་མཉམ་ལས་ཀྱི་ཕྱོགས་མང་པོར་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྲོལ་རྒྱུན་གྱི་མཛའ་གྲོགས་ལ་དུས་རབས་ཀྱི་གསོན་ཤུགས་གསར་པ་འཕེལ་བ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་བ། 6 6 拉萨日报藏文 c191368.html 1 ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་པ། /enpproperty-->