ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨོ་སི་ཁྲུ་ལི་ཡའི་སྲིད་འཛིན་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ན་ནིང་ཟླ་བཅུ་གཅིག་པར་ང་ཚོས་པེ་ཅིང་དུ་ཀྲུང་ཨོའི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་ཐད་འབྲེལ་གཏུགས་གཏིང་ཟབ་བྱས་ཡོད། ལོ་གཅིག་ལྷག་ཙམ་རིང་རྒྱལ་ཁབ་གཉིས་ཀྱི་རིམ་པ་ཁག་དབར་འབྲེལ་གཏུགས་དང་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བར་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དབར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་མེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ།མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་ངེས་རེད།ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་དེ་བས་གནད་སྨིན་བརྟན་ལྷིང་དང་།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社