分享按钮

ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་ཡིན་པའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་འགན་འཁྲིའང་ཁུར་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་རོགས་ཟླའི་ངེས་གནས་སྟངས་འཛིན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་།སྒོ་དབྱེ་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་བཅས་མཐའ་འཁྱོངས་ཀྱིས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བར་བྱས་ནས་ཀྲུང་དབྱིན་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་རྗེས་མ་ཐུན་མོང་ཐོག་རྩོམ་དགོས་ཞེས་གསུངས་པ་རེད།(པར་ངོས་བཞི་པར་གཟིགས)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་དང་མཇལ་འཛོམས་གནང་བ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191369.html 1 ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་དང་མཇལ་འཛོམས་གནང་བ། /enpproperty-->