ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་16ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་གྲོང་གི་རིག་གནས་དང་ཡུལ་སྐོར་གྱི་རིམ་སྤོར་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན།ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུཊ་ཏེ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་རིམ་སྤོར་རྣམ་གྲངས་ལ་ཇུས་འགོད་ཞིབ་ཚགས་དང་། ལག་བསྟར་ཞིབ་ཚགས། སྤུས་དག་མངོན་པ་བཅས་ཀྱི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་རིམ་སྤོར་རྣམ་གྲངས་ཀྱི་ཇུས་འགོད་ཇུས་གཞི་དང་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་དངོས་ལྗོངས་ཟློས་གར་གྱི་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཀྱི་ཇུས་གཞིར་གསན་པ་དང་འབྲེལ་ཇུས་གཞི་དེ་གཉིས་ལ་གྲོས་བསྡུར་གང་ལེགས་དང་། དབྱེ་ཞིབ་གཏིང་ཟབ། མཉམ་སྡེབ་ཞིབ་འཇུག་བཅས་གནང་བ་རེད། ཝང་ཆང་གིས་གསུངས་དོན།ལྷ་སར་འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་དང་།ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ཡོད་པས།རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྱད་འཕགས་ཀྱི་ལེགས་ཆ་དང་གཞན་དང་བསྡུར་ཐབས་མེད་པའི་ཆ་རྐྱེན་ལྡན་ཡོད། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཆོད་སེམས་དང་། ལྷག་བསམ། གདེང་ཚོད་བཅས་ཡོད།ཇུས་འགོད་ཚོགས་པས་ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ།སྔར་བས་བསམ་བློ་གསར་འབྱེད་དང་འདུ་ཤེས་གསར་གཏོད་བྱས་ནས།བརྟག་དཔྱད་གང་ལེགས་དང་། ཞིབ་འཇུག་གཏིང་ཟབ། འབྲེལ་མཐུད་ཡག་པོ་བཅས་བྱེད་པ་དང་།ཇུས་འགོད་ཇུས་གཞི་སླར་ཡང་ལེགས་སུ་གཏོང་བ་དང་། སླར་ཡང་གཏིང་ཟབ་ཏུ་གཏོང་བ། སླར་ཡང་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ།ཇུས་འགོད་ཇུས་གཞི་དེ་བས་ལེགས་པ་དང་འཐུས་ཚང་ཡོང་བའི་འགན་ལེན་བྱེད་དགོས།
ཝང་ཆང་གིས་གསུངས་དོན།འཛམ་གླིང་རིམ་པའི་ཐོན་ཁུངས་ལ་འཛམ་གླིང་རིམ་པའི་འདུ་ཤེས་དང་། འཛམ་གླིང་རིམ་པའི་ཐོན་རྫས། འཛམ་གླིང་རིམ་པའི་ཞབས་ཞུ་བཅས་དགོས། ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སས་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་ཡག་པོ་སྟོན་དགོས་ཤིང་།ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།གོ་རིམ་ལྡན་པའི་ངང་ཇུས་འགོད་དང་། ཚད་གཞི་མཐོ་བའི་ཇུས་འགོད། སྤུས་ཚད་མཐོ་བའི་འཛུགས་སྐྲུན། ཆུ་ཚད་མཐོ་བའི་དོ་དམ་བཅས་བྱས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་རྐང་འཛིན་ཐོན་ལས་སུ་འགྱུར་བར་བྱས་ནས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མིག་དཔེ་སྟོན་དགོས། གཙོ་གནད་འབུར་ཐོན་དང་གནད་གཅིག་ཁྱོན་འཁྲིད་བྱས་ཏེ།འདུ་ཤེས་ལྔ་དང་གལ་ཆེ་མཉམ་འཛིན་ལྔའི་བསམ་གཞི་མཐའ་འཁྱོངས་བྱས་ཏེ།ལྷ་སའི་ཉེ་འཁོར་གྱི་རྫོང་དང་ཆུས་ཀྱི་མཛེས་ལྗོངས་ཁུལ་དག་ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་ལས་དོན་ཁྱབ་ཁོངས་སུ་བཅུག་ནས་འགྲོ་འདུག་སྤྱོད་གསུམ་དང་།ཡུལ་སྐོར་དང་སྤྲོ་གསེང་ཉོ་སྒྲུབ་བཅས་ཀྱི་ཐོན་ལས་སྦྲེལ་ཐག་རིང་དུ་བཏང་ནས་སྣ་མང་ཡུལ་སྐོར་ཐོན་རྫས་བཏོད་དེ།རྫོང་ཁོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པར་བྱེད་དགོས། སྤྱི་འདོམས་སྐུལ་འདེད་དང་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ།རིག་གནས་དང་ཡུལ་སྐོར་གྱི་རིམ་སྤོར་རྣམ་གྲངས་དེ་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་སྤྱི་འདོམས་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ། ཆ་འཕྲིན་ཅན་གྱི་སྟེགས་བུ་དང་རིག་ལྡན་ཡུལ་སྐོར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡུལ་སྐོར་བར་དེ་བས་ལེགས་པའི་མྱོང་རོལ་གྱི་ཚོར་སྣང་ཞིག་ཡོང་བར་བྱེད་དགོས། གོམ་པ་རིམ་བགྲོད་དང་རིམ་པ་བཞིན་ལག་བསྟར་བྱས་ཏེ།བསམ་བློར་བཅིངས་འགྲོལ་ཧུར་ཐག་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་རིག་གནས་དང་ཡུལ་སྐོར་གྱི་རིམ་སྤོར་རྣམ་གྲངས་གཉེར་སྐྱོང་དང་། དོ་དམ། ཁེ་སྤོགས་བཅས་ཀྱི་རྣམ་པར་ཇུས་འགོད་བྱེད་པ། ཐོན་ལས་ཀྱི་ཁྲིད་སྟོན་ཐེབས་རྩ་འཛུགས་པ་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱེད་པ་བཅས་བརྒྱུད་ཁྲོམ་ར་ཅན་དང་། ཐོན་ལས་ཅན། ཆེད་ལས་ཅན་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་མགྱོགས་མྱུར་ཆགས་པར་བྱས་ཏེ།མ་འཇོག་གི་ཕན་འབྲས་ལ་འགན་ལེན་བྱེད་དགོས་པ་དང་།རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་དཀའ་ངལ་སེལ་བ་དང་རིམ་འཕར་འཕེལ་རྒྱས་ལ་རམ་འདེགས་བྱས་ནས།ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་རྒྱལ་སྤྱིའི་ཡུལ་སྐོར་དམིཊ་ས་གཏོད་དགོས།
གྲོང་སྤྱི་གཞོན་པ་པད་མ་གཡུ་སྒྲོན་ཚོགས་འདུར་ཕེབས་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社