分享按钮

ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་རྒྱལ་ས་ལི་མའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད།ཁ་བྱང་དུ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་རྒྱལ་ས་ལི་མའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད།ཁ་བྱང་དུ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་།པར་འདི་ནི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གཞན་དག་གི་ཁོངས་མིའི་དཔལ་འབྱོར་དངོས་ཚན་གྱི་འགོ་ཁྲིད་པ་དང་འཐུས་མི་བཅས་དང་ལྷན་དུ་སྐུ་པར་བསྐྱོན་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་རྒྱལ་ས་ལི་མའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་ཁ་བྱང་དུ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཡོད།

ཞི་ཅིན་ཕིང་ཚོགས་རར་ཕེབས་དུས། སྲིད་འཛིན་པོ་ལུའུ་ཨའར་ཐེས་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

ཞི་ཅིན་ཕིང་གིས་གསུང་བཤད་ནང་། ལོ་བཅུ་ཕྲག་ནང་།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་སྣེ་ཁྲིད་དེ་གོང་འཕེལ་ཆེན་པོ་དང་།དར་རྒྱས་ཆེན་པོ། མཉམ་འདྲེས་ཆེན་པོ་བཅས་མངོན་འགྱུར་བྱུང་ཡོད་ཅིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དེ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེས་རྒྱས་ཤོས་ཀྱི་ས་ཆ་དང་གོང་འཕེལ་གྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་སྐུལ་འདེད་བཏང་ཡོད།མིག་སྔར།འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་ལའང་ས་ཁམས་ཆབ་སྲིད་དང་།ཕྱོགས་རྐྱང་རིང་ལུགས།སྲུང་སྐྱོབ་རིང་ལུགས་བཅས་ཤུགས་ཆེར་འགྲོ་བའི་འགྲན་རྩོད་འཕྲད་བཞིན་ཡོད།ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁ་དེར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རྒྱལ་ཁབ་ཁག་ནས་མཐུན་སྒྲིལ་རོགས་རེས་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་གོང་འཕེལ་གྱི་དུས་རབས་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ།གཅིག་ནི་སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་རྣམ་པ་གཏོད་དགོས། དེ་ཡང་ཕྱོགས་མང་རིང་ལུགས་དང་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-19 6 6 拉萨日报藏文 c191352.html 1 ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། /enpproperty-->