分享按钮

ཞི་ཅིན་ཕིང་གིས་པར་ཙིར་སྨྱན་སྦྱོར་ཐོག་མཚན་འགོད་རྩོམ་ཡིག་སྤེལ་བ།

ལེ་དབར་ཁྲི་ཡིས་བཅད་ཀྱང་སྐྱིད་སྡུག་མཉམ་མྱོང་ དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན། ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི《ཧྲེང་པའོ་ལུའོ་ཚགས་པར》ཐོག་ཁ་བྱང་དུ《ལེ་དབར་ཁྲི་ཡིས་བཅད་ཀྱང་སྐྱིད་སྡུག་མཉམ་མྱོང་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད》ཅེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

ལེ་དབར་ཁྲི་ཡིས་བཅད་ཀྱང་སྐྱིད་སྡུག་མཉམ་མྱོང་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་གིས།

སྲིད་འཛིན་ལུའུ་ལ་ཡི་གདན་ཞུས་ལྟར། ངས་མི་རིང་བར་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་དང་འབྲེལ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པ་ལི་ཡུའེ་རེ་ནེ་ལུའུ་དབུ་ཚོགས་ལ་ཞུགས་རྒྱུ་ཡིན།

པར་ཙིར་གྱི་ས་རྒྱ་ཆེ་ཞིང་ཐོན་ཁུངས་འཛོམས་པ་དང་། ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བ། རིག་གནས་སྣ་མང་བཅས་ཡོད་པས། ཀྲུང་གོ་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྒྱལ་ཁབ་ཅིག་ཡིན། ལོ་200ལྷག་ཙམ་གོང་ལ། ཀྲུང་གོའི་ཇ་དང་། ལི་ཀྲི། དྲི་ཞིམ་རྫས། རྫ་ཆས་སོགས་རྒྱ་མཚོ་ཆེན་པོ་བརྒལ་ནས་པར་ཙིར་དུ་འབྱོར་ཏེ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་གི་སྦྲེལ་ཟམ་བཙུགས་པས། ཀྲུང་གོ་དང་པར་ཙིར་མི་དམངས་ཀྱི་མཛའ་གྲོགས་སྤེལ་རེས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་ཡོད།

1974ལོའི་ཟླ་8ཚེས་15ཉིན། ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་དངོས་སུ་བཙུགས་པ་རེད། ལོ་ངོ་50ཡི་རིང་ལ། ཀྲུང་པར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཉིན་རེ་བཞིན་འཐུས་ཚང་དང་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པས། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-19 ཞི་ཅིན་ཕིང་གིས་པར་ཙིར་སྨྱན་སྦྱོར་ཐོག་མཚན་འགོད་རྩོམ་ཡིག་སྤེལ་བ། 6 6 拉萨日报藏文 c191351.html 1 ལེ་དབར་ཁྲི་ཡིས་བཅད་ཀྱང་སྐྱིད་སྡུག་མཉམ་མྱོང་ དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད། /enpproperty-->