分享按钮

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས“ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བསྐྲུན་ཟིན་ནས་ལས་གཉེར་དཔུང་ཁག་ནང་ཞུགས་པར་རྟེན་འབྲེལ་ཞུས་པ།

རྟེན་འབྲེལ་འཕྲིན་ཡིག

“ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བསྐྲུན་ཟིན་ནས་དངོས་སུ་ལས་གཉེར་དཔུང་ཁག་ནང་ཞུགས་པའི་སྐབས་འདིར། ཞིབ་འཇུག་དང་འཛུགས་སྐྲུན་ནང་ཞུགས་པའི་ཚན་པ་ཁག་དང་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

“ཕུགས་འདུན”རྟགས་ཅན་གྱི་མཚོ་ཐོག་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་འབྲེལ་དངོས་སུ་ལས་གཉེར་དཔུང་ཁག་ནང་ཞུགས་པ་དེའི་ཐོག་ནས་རང་རྒྱལ་འདི་ཉིད་རྒྱ་མཚོའི་གཏིང་དུ་སྐྱོད་པ་དང་། རྒྱ་མཚོའི་གཏིང་དུ་བརྟག་ཞིབ་ཚད་ལེན་བྱེད་པ། རྒྱ་མཚོའི་གཏིང་དུ་གསར་སྤེལ་བྱེད་པ་བཅས་ཀྱི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད་པ་དང་། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཀྱང་རེད། ཁྱེད་ཚོས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་བཟང་ཆ་འདོན་སྤེལ་བྱས་ཐོག གསར་འབྱེད་གསར་གཏོད་དང་མཐུན་སྒྲིལ་རོགས་ལས། འགག་སྒྲོལ་དཀའ་སེལ། ཡང་རྩེར་འཛེགས་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ལས་བསྒྲོལ་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་པའི་རང་གིས་རང་ལ་ཡིད་ཆེས་བྱེད་ཤུགས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད།

ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ཚན་རྩལ་གྱི་སྒྲིག་ཆས་གལ་ཆེན་འདི་བེད་སྤྱོད་ཡག་པོ་བྱས་ནས། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་རྒྱ་མཚོའི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས།

2024ལོའི་ཟླ་11ཚེས་17ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བཟོ་སྐྲུན་བྱས་པའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མ་དེ་ཟླ་11ཚེས་17ཉིན་ཀོང་ཀྲོའུ་རུ་དངོས་སུ་ལས་གཉེར་དཔུང་ཁག་ནང་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་སྨོན་འདུན་ཞུས་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། “ཕུགས་འདུན”རྟཊ་ཅན་གྱི་མཚོ་ཐོག་ཚོད་ལྟ་ལེཊ་གྲུབ་བྱུང་བ་དང་འབྲེལ་དངོས་སུ་ལས་གཉེར་དཔུང་ཁག་ནང་ཞུཊ་པ་དེའི་ཐོག་ནས་རང་རྒྱལ་འདི་ཉིད་རྒྱ་མཚོའི་གཏིང་དུ་སྐྱོད་པ་དང་། རྒྱ་མཚོའི་གཏིང་དུ་བརྟག་ཞིབ་ཚད་ལེན་བྱེད་པ། རྒྱ་མཚོའི་གཏིང་དུ་གསར་སྤེལ་བྱེད་པ་བཅས་ཀྱི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད་པ་དང་། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཀྱང་རེད། ཁྱེད་ཚོས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་བཟང་ཆ་འདོན་སྤེལ་བྱས་ཐོག གསར་འབྱེད་གསར་གཏོད་དང་མཐུན་སྒྲིལ་རོགས་ལས། འགག་སྒྲོལ་དཀའ་སེལ། ཡང་རྩེར་འཛེགས་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-19 རྟེན་འབྲེལ་འཕྲིན་ཡིག 6 6 拉萨日报藏文 c191350.html 1 ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས“ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བསྐྲུན་ཟིན་ནས་ལས་གཉེར་དཔུང་ཁག་ནང་ཞུགས་པར་རྟེན་འབྲེལ་ཞུས་པ། /enpproperty-->